འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་2ཉིན།

༄༅།།འདི་རུ་ཁང་པ་རྙིང་ཚབ་གསར་བརྗེ་བྱེད་ཆོག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་02ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་4ཚེས་1ཉིན། ཀྲེང་ཀྲོའུ་གྲོང་ཁྱེར་སྡོད་ཁང་དོ་དམ་ཅུས་སོགས་སྡེ་ཁག་གིས《ཀྲེང་ཀྲོའུ་གྲོང་ཁྱེར་གྱིས་ས་ཁང་བདག་ཁོངས་ཁྲོམ་རར་“རྙིང་ཚབ་གསར་ཉོ་དང་རྙིང་ཚབ་གསར་བརྗེ་བྱ་རྒྱུར་སྐུལ་མ་གཏོང་བའི”ལས་ཀའི་ཇུས་གཞི(ཚོད་ལྟའི་ལག་བསྟར)》ཁྱབ་བསྒྲགས་བྱས་པ་རེད། 2024ལོར་ཀྲེང་ཀྲོའུ་གྲོང་ཁྱེར་ཡོངས་སུ“རྙིང་ཚབ་གསར་ཉོ་དང་རྙིང་ཚབ་གསར་བརྗེ”བྱ་རྩིས་ཡོད་པའི་ལག་བརྒྱུད་ཁང་པ10000གི་འཆར་གཞི་ལེགས་འགྲུབ་བྱ་རྒྱུ་རེད། འདི་ལ་བརྟེན་ནས་ལག་བརྒྱུད་སྡོད་ཁང་ཁྲོམ་ར་སྔར་ལས་འཁྲུག་ཏུ་བཏང་སྟེ་མང་ཚོགས་ཀྱིས“རྙིང་ཚབ་གསར་ཉོ་དང་རྙིང་ཚབ་གསར་བརྗེ་བྱེད་པ”སོགས་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་དགོས་མཁོར་རྒྱབ་སྐྱོར་བྱས་ནས། ཀྲེང་ཀྲོའུ་གྲོང་ཁྱེར་གྱི་ས་ཁང་བདག་ཁོངས་ཁྲོམ་རའི་མཁོ་སྤྲོད་དོ་སྙོམས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། 
     ས་ཁང་བདག་ཁོངས་ཁྲོམ་རར་“རྙིང་ཚབ་གསར་ཉོ་དང་། རྙིང་ཚབ་གསར་བརྗེ”ཡི་ལས་ཀ་གཤམ་གསལ་བྱེད་ཐབས་འདི་གཉིས་ལྟར་སྤེལ་རྒྱུ་སྟེ།  
     བྱེད་ཐབས་དང་པོ། ཀྲེང་ཀྲོའུ་གྲོང་ཁྱེར་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སིས་ལག་བརྒྱུད་སྡོད་ཁང་ཉོ་སྒྲུབ་བྱས་ནས། མང་ཚོགས་ཀྱིས“རྙིང་ཚབ་གསར་ཉོ་དང་རྙིང་ཚབ་གསར་བརྗེ”བརྒྱུད། ལེགས་བཅོས་རང་བཞིན་གྱི་ཚོང་སྒྱུར་སྡོད་ཁང་གསར་པ་ཉོ་རྒྱུར་སྐུལ་འདེད་གཏོང་རྒྱུ། 
     ཅིན་ཧྲུའེ་ཆུས་དང་ཀྲེང་ཏུང་ཆུས་གསར་སོགས་ས་ཁོངས་སུ་སྔོན་ལ་ཚོད་ལྟ་བྱེད་པ་དང་། ཚོད་ལྟའི་ལས་དོན་སྤེལ་རིང་སྡོད་ཁང་རྙིང་པ་500“རྙིང་ཚབ་གསར་ཉོ་དང་རྙིང་ཚབ་གསར་བརྗེ” བྱས་ནས། རིམ་བཞིན་གྲོང་ཁུལ་གཙོ་བོར་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་ལོ་ཧྲིལ་པོར་སྡོད་ཁང་5000གི་འཆར་གཞི་ལེགས་འགྲུབ་བྱ་རྩིས་ཡོད། 
     བྱེད་ཐབས་གཉིས་པ། སྲིད་གཞུང་གིས་སྲིད་ཇུས་བཏོན་ནས་སྐུལ་ལྕག་བྱས་ཏེ། མང་ཚོགས་ཀྱིས་ཁྲོམ་རའི་ཉོ་ཚོང་བརྒྱུད“རྙིང་ཚབ་གསར་ཉོ་དང་རྙིང་ཚབ་གསར་བརྗེ”ཐུབ་པ་བྱ་རྒྱུ།  
     ལོ་ཧྲིལ་པོར་སྡོད་ཁང་རྙིང་པ་5000“རྙིང་ཚབ་གསར་ཉོ་དང་རྙིང་ཚབ་གསར་བརྗེ”བརྒྱུད་ནས་ལེགས་འགྲུབ་བྱ་རྩིས་ཡོད་པ་རེད། 
     གོང་གསལ་བྱེད་ཐབས་དེ་གཉིས་ཀྱི་ཐོག་ནས་གསར་དུ་ཉོས་པའི་ཚོང་སྒྱུར་སྡོད་ཁང་ལ། ཀྲེང་ཀྲོའུ་གྲོང་ཁྱེར་གྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་གན་རྒྱའི་དཔྱ་ཁྲལ་ཁ་གསབ་30%སྲིད་ཇུས་དེ་2024ལོའི་ཟླ་12ཚེས་31ཉིན་བར་རྒྱུན་མཐུད་བྱ་རྒྱུ་རེད།