འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་2ཉིན།

༄༅།།སྒོར་དུང་ཕྱུར་རི་བའི་གསེར་གར་སོང་ཆ་མེད་དུ་གྱུར་བའི་ཐད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་02ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་4ཚེས་1ཉིན། ཀྲུང་གོའི་གསེར་ཚོགས་པའི་གསེར་དང་རིན་ཆེན་ནོར་བུ་མ་རྐང་ཚད་ཡོད་ཀུང་སིས་སྤྱི་བསྒྲགས་སྤེལ་ནས། པེ་ཅིང་སན་ཏིང་ཡོན་གསེར་དང་རིན་ཆེན་ནོར་བུ་ཚད་ཡོད་ཀུང་སིས་གཉེར་སྐྱོང་བྱས་པའི་པེ་ཅིང་ཧྥུ་ལི་ཐང་ཆེན་ཚོང་ཁང་གིས་ཀུང་སི་དང་བཞག་པའི《ཆེད་འཚོང་གཉེར་སྐྱོང་གི་དམིགས་བསལ་གྲོས་མཐུན་ཡི་གེ》ལས་འགལ་ནས། སྒྲིག་འགལ་ངང་“གསེར་སྦྲམ་སེམས་ཁྲལ་མེད་པར་སྔོན་མངགས་བྱེད་པའི”ལས་སྒོ་རང་འགུལ་ངང་སྤེལ་བ་མ་ཟད། 2023ལོའི་ཟླ་12ཚེས་27ཉིན་རང་དགར་གཉེར་སྐྱོང་བྱེད་མཚམས་བཞག་ནས། འཛད་སྤྱོད་པས་ཉོས་པའི་ཐོན་རྫས་སྤྲོད་ཐབས་མེད་པ་བྱས་སོང་བ་དང་། དེ་སྔའི་ཚོད་འཛིན་བྱེད་མཁན་དབྱང་ག་གེ་མོ་སྤྱི་བདེ་ལས་ཁུངས་ཀྱིས་ཉེས་དོན་བཀག་ཉར་བྱས་ནས་ཁྲིམས་འཛིན་གྱི་གོ་རིམ་བརྒྱུད་བཞིན་ཡོད། 
     ཀུང་སི་དང་འབྲེལ་ཡོད་འགན་འཁྲི་ཡོད་མཁན་གྱིས་སྔོན་ལ་འབྲེལ་ཡོད་འཛད་སྤྱོད་པར་ཚབ་སྤྲོད་བྱས་ནས། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱ་རྒྱུའི་ཐག་བཅད་པ་རེད།