འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་2ཉིན།

༄༅།།ཡུལ་འདི་རུ་དམག་སྦྱོང་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་02ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ལྷོ་རྒྱུད་འཐབ་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པ་མཁའ་དམག་ཏཱ་ཞའོ་ཐེན་ཅུན་ལི་ཡིས་བཤད་དོན། ལོ་འཁོར་གྱི་སྦྱོང་བརྡར་འཆར་གཞི་གཞིར་བཟུང་། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ལྷོ་རྒྱུད་འཐབ་ཁུལ་གྱིས་སྐམ་དམག་དང་མཁའ་དམག་དཔུང་སྡེ་སྒྲིག་འཛུགས་བྱས་ནས། ཟླ་4ཚེས་2ཉིན་ནས་བཟུང་། ཀྲུང་གོ་དང་འབར་མའི་མཐའ་མཚམས་ཀྱི་རང་རྒྱལ་ཕྱོགས་སུ་མཉམ་འབྲེལ་གྱི་དམག་དོན་དངོས་སྦྱོང་བྱ་རྒྱུ་རེད། དེའི་དམིགས་ཡུལ་ནི་འཐབ་ཁུལ་གྱི་དཔུང་སྡེས་མགྱོགས་མྱུར་ངང་སྐབས་བསྟུན་དང་། གནད་འཁེལ་ངང་རྩ་གཏོར་གཏོང་བ། རིམ་ལྡན་ཐོག་ནས་བཀག་འགོག མཉམ་འབྲེལ་ཐོག་རྡུང་རྡེག་གཏོང་ནུས་བཅས་ལ་ཞིབ་བཤེར་བྱ་རྒྱུ་འདི་རེད། གཡུལ་འགྱེད་ས་ཁུལ་གྱི་དམག་དཔུང་གིས་གློ་བུར་དུ་བྱུང་བའི་གནས་ཚུལ་སྣ་ཚོགས་ལ་ཁ་གཏད་འཇལ་བའི་གྲ་སྒྲིག་ཡག་པོར་བྱས་ནས། རྒྱལ་ཁབ་ཀྱི་བདག་དབང་དང་། མཐའ་མཚམས་བརྟན་པོ། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་རེད།