འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་1ཉིན།

༄༅།།ཟླ་4པའི་ནང་གནམ་དཔྱད་འདི་འདྲ་འཆར་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་01ཉིན། 15:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཟླ་4པའི་ནང་གནམ་དཔྱད་འདི་འདྲ་འཆར་རྒྱུ་རེད།
   ཉི་འཛིན་དང་སྐར་མདའ། སྐར་མ་དུ་བ་མཇུག་རིང་བཅས་ནི་གནམ་དཔྱད་ལ་དགའ་མོས་བྱེད་མཁན་ཚོའི་གནམ་དཔྱད་རིགས་གསུམ་རེད། སྟབས་ཁེལ་བ་ཞིག་ལ། ཟླ་4པའི་ནང་འདི་ཚོ་གསུམ་པོ་མཉམ་དུ་འཛོམ་རྒྱུ་རེད། 
ཟླ་4ཚེས་9ཉིན། ཉི་མ་ཧྲིལ་འཛིན་ཨ་མེ་རི་ཁ་བྱང་མར་འཆར་རྒྱུ་ཡིན་པ་དང་། ཉི་མ་ཧྲིལ་འཛིན་མོ་ཞི་ཁོ་དང་། ཨ་རི། ཁ་ན་ཏ་བཅས་ཀྱི་ས་ཁོངས་ནང་གི་སྐམ་ས་ཆེ་མོར་བརྒྱུད་རྒྱུ་ཡིན་ཞིང་། ས་ཆ་དེ་ཚོའི་མི་རྣམས་ཀྱིས་དུས་ཚོད་རིང་ཤོས་སྐར་མ་4དང་སྐར་ཆ་28ལ་ཉི་མ་ཧྲིལ་འཛིན་ལ་བལྟ་ཆོག་གི་ཡོད། 
   “ས་གནས་ཀྱི་ཚོད་འཛིན་ཐེབས་པས་ད་ཐེངས་ཀྱི་ཉི་མ་ཧྲིལ་འཛིན་དེ་རང་རྒྱལ་ནས་མཐོང་མི་ཐུབ། 
   མཛེས་སྡུག་གི་དགུ་ཚིགས་ནུབ་ངོགས་སུ་སྐད་གྲགས་ཆེ་བའི་སྐར་མ་འོད་ཅན་ཞིག་ཡོད་པ་ནི་སྐར་མ་ཐགས་མ་ཡིན་ཞིང་།  དེ་དང་ཉེ་འཁོར་གྱི་སྐར་མ་ཆུང་ཆུང་དག་གིས་མཉམ་དུ་པི་ཝང་སྐར་ཚོམ་གྲུབ་ཡོད། ལོ་རེའི་ཟླ་4པའི་ཟླ་དཀྱིལ་དང་ཟླ་སྨད་ནི་སྐར་ཚོམ་འདི་ལ་བརྟེན་ནས་མིང་བཏགས་པའི་སྐར་མདའ་མང་དུ་མངོན་པའི་དུས་རེད། 
   “ད་ལོའི་པི་ཝང་སྐར་ཚོམ་གྱི་སྐར་མདའ་ཟླ་4ཚེས་22ཉིན་མང་ཤོས་དེ་འཆར་རྒྱུ་ཡིན་ཞིང་། ཚོད་དཔག་བྱས་ན་དེ་ནི་ཆུ་ཚོད་15ཡས་མས་སུ་ཐོན་རྒྱུ་རེད། དགའ་ཞེན་ཡོད་མཁན་ཚོས་ཚེས་21དང་22ཉིན་གྱི་དགོང་མོར་ལྟ་ཞིབ་བྱེད་ཆོག 
   གནམ་དཔྱད་ལ་དགའ་པོ་བྱེད་མཁན་ཚོས་སྐར་མ་དུ་བ་མཇུག་རིང་ལ་ལྷག་ཏུ་དགའ་པོ་བྱེད་ཀྱི་ཡོད། ད་ལོར12P/Pons-Brok sསྐར་མ་དུ་བ་མཇུག་རིང་ཉི་མའི་ཁྱིམ་རྒྱུད་ནང་བསྐྱར་དུ་ལོག་པར་དོ་ཁུར་ཆེན་པོ་ཐོབ་ཡོད། ལོ་71ཙམ་རིང་ཉི་མའི་ཁྱིམ་རྒྱུད་དུ་དུས་ཡུན་ཐུང་ངུའི་ནང་ཐེངས་གཅིག་ལོག་པའི་སྐར་མ་དུ་བ་མཇུག་རིང་དེ་ཟླ་4ཚེས་21ཉིན་ཉི་མ་དང་བར་ཐག་ཉེ་ཤོས་སུ་སླེབས་རྒྱུ་རེད།
   ཉི་མ་ཧྲིལ་འཛིན་དང་སྐར་མདའ།  སྐར་མ་དུ་བ་མཇུག་རིང་ཕུད། ཟླ་4བའི་ནང་དུ་“གནམ་དཔྱད་ཟློས་གར་ཁང་”དུ་ད་དུང་སྨིན་དྲུག་གིས་ཟླ་བ་བསྐོར་བ་དང་།(ཚེས་11ཉིན་གྱི་ས་སྲོད།)དེ་བཞིན་རྒྱུ་སྐར་འགའ་མཉམ་བགྲོད་བྱེད་པ་སྟེ། ཚེས་11ཉིན་གྱི་སྐྱ་རེངས་སྔོན་དུ་ སྐར་མ་མིག་དམར་དང་སྤེན་པ་ཐག་ཤིན་ཏུ་ཉེ། ཚེས་20ཉིན་གྱི་ས་སྲོད་མཚམས་ལ་སྐར་མ་ཕུར་བུ་དང་གནམ་རྒྱལ་ཧ་ཅང་ཐག་ཉེ། ཚེས་29ཉིན་ཉི་མ་མ་འཆར་གོང་སྐར་མ་མིག་དམར་དང་སྐར་མ་མཚོ་རྒྱལ་ཧ་ཅང་ཐག་ཉེ། 
༄༅།།ཟླ་4པའི་ནང་གནམ་དཔྱད་འདི་འདྲ་འཆར་རྒྱུ་རེད།