འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་1ཉིན།

༄༅།།2024ལོའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་མིང་ཐོ་འགོད་སའི་བགྲོད་ལམ་འགོ་ཚུགས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་01ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   2024ལོའི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་མིང་ཐོ་འགོད་སའི་བགྲོད་ལམ་དེ་ཟླ་3ཚེས་31ཉིན་གྱི་ཆུ་ཚོད་12དང་སྐར་མ་00ཐོག་དངོས་སུ་འགོ་འཛུགས་རྒྱུ་ཡིན་པ་རེད། དེ་ཉིན་ནས་ཟླ་5པའི་ཟླ་སྨད་བར། 2024ལོའི་མཐོ་སློབ་དཀྱུས་མའི་ལོ་འདི་གའི་སློབ་ཐོན་སློབ་མའམ་ཡང་ན་ཞིབ་འཇུག་སློབ་མས་སྐད་འཕྲིན་སྤྱི་སྟེགས“ནུབ་རྒྱུད་དང་བླངས་ཕྱོགས་བསྡུས”ཀྱི་ལེ་ཚན་ནང་གི་“ངས་མིང་ཐོ་འགོད་རྒྱུ”འམ་ཡང་ན་ནུབ་རྒྱུད་འཆར་གཞིའི་གཞུང་ཕྱོགས་དྲ་ཚིགས(http://xibu.youth.cn)བརྒྱུད་ནུབ་རྒྱུད་འཆར་གཞིའི་ཐོ་འགོད་མ་ལག་ནང་མིང་ཐོ་བཀོད་ཆོག་གི་ཡོད་པ་རེད།
   སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞི(བསྡུས་མིང་ལ་ནུབ་རྒྱུད་འཆར་གཞི་ཟེར)ནི་གུང་གཞོན་ཐོན་ཀྲུང་དབྱང་དང་། སློབ་གསོ་པུའུ། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་བཅས་ཀྱིས་ཐུན་མོང་ཐོག་སྒྲིག་འཛུགས་བྱས་ནས་ལག་ལེན་བསྟར་བའི་ཤེས་ལྡན་མི་སྣའི་ལས་གྲྭ་གལ་ཆེན་ཞིག་རེད། རྣམ་གྲངས་དེ་2003ལོར་ལག་བསྟར་བྱས་པ་ནས་བཟུང་། རིམ་རྩིས་བྱས་ན། མཐོ་སློབ་སློབ་ཐོན་སློབ་མ་དང་སློབ་གྲྭར་ཡོད་པའི་ཞིབ་འཇུག་སློབ་མ་ཁྲི་50ལྷག་ཙམ་བསྡུས་ནས་རྫོང(གྲོང་ཁྱེར་དང་ ། ཆུས། ཆི་བཅས)2000ལྷག་ཙམ་གྱི་གཞི་རིམ་དུ་བསྐྱོད་དེ་ཞབས་འདེགས་ཞུས་པ་བརྒྱུད། སྤྱི་ཚོགས་ཡོངས་དང་ལྷག་པར་དུ་གཞོན་ནུའི་ཁྲོད་ནུབ་རྒྱུད་དང་། གཞི་རིམ། མེས་རྒྱལ་དང་མི་དམངས་ལ་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་བསྐྱོད་ནས་བྱས་རྗེས་འཇོག་པའི་དུས་རབས་འགྱུར་ཁུག་གླུ་རུ་བླངས་ཡོད་པ་རེད།