འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་31ཉིན།

༄༅།།ཞི་ཅིན་ཕིང་གིས་ཧྥ་ཡེ་སེ་ནེ་ཀལ་གྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་གློག་འཕྲིན་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་31ཉིན། 11:56】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པཱ་ཤིས་ལུའུ·ཏི་ཨའོ་མཱ་ཡེ·ཧྥ་ཡེ་ལ་གློག་འཕྲིན་བཏང་ནས་ཁོང་སེ་ནེ་ཀལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་སེ་ནེ་ཀལ་དབར་ཕྱི་འབྲེལ་བཙུགས་ཚུན་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་མུ་མཐུད་ཆེ་རུ་ཕྱིན་པ་དང་། དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ། རྒྱལ་སྤྱིའི་ལས་དོན་ཁྲོད་གཞོགས་འདེགས་དམ་ཟབ་བཅས་བྱུང་ཡོད། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་ཐུན་མོང་གི་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཕྱོགས་གཉིས་པོས་འདི་ལོ་ཀྲུང་གོར་ཐུན་མོང་ཐོག་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་དབུ་ཚོགས་འཚོག་རྒྱུ་རེད། ངས་ཀྲུང་སེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། བདམས་ཐོན་བྱུང་བའི་ཙུང་ཐུང་ཧྥ་ཡེ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕན་ཚུན་རྒྱབ་སྐྱོར་དང་མཐུན་སྒྲིལ་མཉམ་ལས་བྱེད་པ་དང་ཐུན་མོང་ཐོག་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་དབུ་ཚོགས་ཡག་པོ་གཉེར་ནས་ཀྲུང་སེ་རྒྱལ་ཁབ་གཉིས་དང་ཀྲུང་ཧྥེའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་ཕྱོགས་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་སྐྲུན་འདོད་ཡོད།
     (ཚེ་ཁོས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)