འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་31ཉིན།

༄༅།།ཞི་ཅིན་ཕིང་དང་ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་ཡིས་ཀྲུང་གོའི“ཧ་སག་སི་ཐན་གྱི་ཡུལ་སྐོར་ལོའི”
འགོ་ཚུགས་མཛད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་31ཉིན། 11:54】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་ཡིས་2024ལོའི་ཀྲུང་གོའི“ཧ་སག་སི་ཐན་གྱི་ཡུལ་སྐོར་ལོའི”འགོ་ཚུགས་མཛད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
     ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཧ་སག་སི་ཐན་ནི་ཁྱིམ་མཚེས་བཟང་པོ་དང་། གྲོགས་པོ་བཟང་པོ། རོགས་ཟླ་བཟང་པོ་བཅས་ཡིན་ལ། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ལོ་ངོ་སྟོང་ལྷག་གི་མཛའ་གྲོགས་འགྲོ་འོང་གི་ལོ་རྒྱུས་ལྡན་པས། དར་གོས་ལམ་བུའི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རེས་ཀྱི་མཛེས་སྡུག་ལྡན་པའི་ལེའུ་ཞིག་མཉམ་དུ་བརྩམས་ཡོད། 2013ལོར་ངས་ཧ་སག་སི་ཐན་དུ“དར་གོས་ལམ་བུའི་དཔལ་འབྱོར་ཁུལ”མཉམ་སྐྲུན་གྱི་གྲོས་འགོ་ཐོག་མར་བཏོན་པ་དང་། ད་བར་ལོ་བཅུ་ལྷག་ཙམ་སོང་རིང་། རྒྱལ་ཁབ་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱས་པར་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་ཐོབ་ནས་ཀྲུང་གོ་དང་ཧ་སག་སི་ཐན་དབར་གྱི་ལོ་ངོ་སྟོང་ལྷག་རྒྱུན་མ་ཆད་པའི་དར་གོས་ལམ་བུའི་མཛའ་བརྩེར་གསོན་ཤུགས་གསར་པ་རྒྱས་ཡོད་ཅེས་གསུངས།
     ཞི་ཅིན་ཕིང་གིས། རིག་གནས་སྤེལ་རེས་དང་ཡུལ་སྐོར་མཉམ་ལས་བྱེད་པ་ནི་ཀྲུང་གོ་དང་ཧ་སག་སི་ཐན་གྱི་དམངས་སེམས་གཅིག་མཐུན་གྱི་སྦྲེལ་ཟམ་དང་སྒྲོག་ཐག་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མི་ཆོས་རིག་གནས་མཉས་ལས་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ་བ་དང་། ཕན་ཚུན་ཐོངས་མཆན་འགོད་མི་དགོས་པའི་གྲོས་མཐུན་ལ་ཕན་འབྲས་ཐོན་པ། ཕན་ཚུན་རིག་གནས་ལྟེ་གནས་འཛུགས་རྒྱུའི་གྲོས་མཐུན་ལ་མིང་རྟགས་བཀོད་པ། ལུའུ་པན་བཟོ་ཁང་བསྐྲུན་པ། གཞོན་ནུའི་དབར་སྤེལ་རེས་ཀྱི་གཏམ་བཟང་ཡང་ཡང་གྲགས་པ། མི་རྣམས་འགྲོ་འོང་ཉིན་བཞིན་ཇེ་མང་དུ་ཕྱིན་པ་བཅས་ལས་མི་དམངས་དབར་གྱི་མཛའ་མཐུན་གྱི་རྨང་གཞི་བརྟན་དུ་ཕྱིན་ཡོད། ན་ནིང་། ངས་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་དང་མཉམ་དུ་2024ལོ་འདི་ཀྲུང་གོའི་ཧ་སག་སི་ཐན་གྱི་ཡུལ་སྐོར་ལོར་གཏན་འཁེལ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། རྒྱལ་ཁབ་གཉིས་པོས་ཡུལ་སྐོར་ལོ་འདི་གོ་སྐབས་སུ་བྱས་ནས་ཡུལ་སྐོར་མཉམ་ལས་དམ་ཟབ་དང་། མི་སྣ་འགྲོ་འོང་ཇེ་མང་། ལོ་ངོ་སྟོང་གི་མཛའ་གྲོགས་རྒྱུན་མཐུད་ཡོང་བ་བཅས་བྱས་ནས། ཕན་ཚུན་ལག་གདང་སྦྲེལ་ཏེ་ཀྲུང་གོ་དང་ཧ་སག་སི་ཐན་དབར་གྱི་འབྲེལ་བའི“རྫོགས་ལྡན་གྱི་བགྲང་བྱ་སུམ་ཅུ”གསར་པ་ཡག་པོ་བཏོད་ནས་ཀྲུང་གོ་དང་ཧ་སག་སི་ཐན་དབར་གྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།
     ཐོ་ཁཱ་ཡེ་ཧྥུའུ་ཡིས་རྟེན་འབྲེལ་འཕྲིན་ཡིག་ནང་། ཧ་སག་སི་ཐན་དང་ཀྲུང་གོ་ནི་མཛའ་མཐུན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་རྒྱུན་མི་ཆད་པར་ཟབ་ཏུ་ཕྱིན་ནས་ཁྱབ་ཁོངས་ཁག་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། དེ་དག་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི“རྫོགས་ལྡན་གྱི་བགྲང་བྱ་སུམ་ཅུ”གསར་པ་གཏོད་པར་གཞོལ་བ་ལས་བྱུང་བ་ཞིག་རེད། ཧ་སག་སི་ཐན་ལ་ལོ་རྒྱུས་དང་རིག་གནས་ཀྱི་དུས་ཡུན་ཧ་ཅང་རིང་བ་དང་། གནའ་ཤུལ་གྲགས་ཅན་མང་བ། རང་བྱུང་ཡུལ་ལྗོངས་ལྟ་ན་སྡུག་པ། མི་དམངས་རྣམས་སེམས་རྩ་འཁོལ་བ་བཅས་ཡོད་པས། ཀྲུང་གོའི་ཡུལ་སྐོར་བ་ཡུལ་སྐོར་དུ་སྐྱོད་ཡུལ་ཡག་ཤོས་ཤིག་ཡིན་ཞེས་རྦད་དེ་བརྗོད་ཆོག ཧ་སག་སི་ཐན་ཕྱོགས་ཀྱིས་ཡུལ་སྐོར་ལོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཀྲུང་གོའི་ཡུལ་སྐོར་བས་ཧ་སག་སི་ཐན་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་ཟབ་མོ་ཡོང་བ་དང་། མི་རབས་ནས་མི་རབས་བར་གྱི་ཧ་སག་སི་ཐན་དང་ཀྲུང་གོའི་དབར་གྱི་མཛའ་གཅུགས་སྔར་བས་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་པོའི་ཡུན་རིང་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་སྒུལ་ཤུགས་ཆེན་པོ་ཞིག་སྣོན་རྒྱུ་ཡིན་ཞེས་གསུངས།
     2024ལོའི་ཀྲུང་གོའི“ཧ་སག་སི་ཐན་གྱི་ཡུལ་སྐོར་ལོའི”བྱེད་སྒོ་དེ་ཉིན་དེར་པེ་ཅིང་དུ་འགོ་ཚུགས་པ་དང་། དེ་ནི་ཀྲུང་གོ་རིག་གནས་དང་ཡུལ་སྐོར་པུའུ་དང་ཧ་སག་སི་ཐན་ཡུལ་སྐོར་དང་ལུས་རྩལ་པུའུ་ཡིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད། 
     (པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)