འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་31ཉིན།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས། 《སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་གཉིས་པའི་སྐོར་གཟིགས་
གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུར》གྲོས་ཞིབ་བྱས་པ།

——ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་31ཉིན། 11:52】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་29ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས《སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་གཉིས་པའི་སྐོར་གཟིགས་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུར》གྲོས་ཞིབ་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     ཚོགས་འདུའི་ཐོག་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐོར་གཟིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན། ཀྲུང་དབྱང་གི་སྐོར་གཟིགས་རེས་སྐོར་གཉིས་བཀོད་སྒྲིག་བྱས་ནས་ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་ལ་ཡོངས་སུ་ཁྱབ་པར་བྱས་ཡོད། སྐོར་གཟིགས་ཐད་ནས་བལྟས་ན། ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་དང་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་ཐེབས་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་གྲུབ་འབྲས་གསར་པ་ཐོབ་ཡོད་མོད། འོན་ཀྱང་གནད་དོན་ཁ་ཤས་གནས་ཡོད་པས། ངེས་པར་དུ་ཆབ་སྲིད་ཐོག་ནས་ཚད་མཐོའི་མཐོང་ཆེན་དང་གཟབ་ནན་དང་ནན་ཏན་ངང་ཐག་གཅོད་བྱེད་དགོས། སྐོར་གཟིགས་དག་ཐེར་བྱ་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞིར་བརྩིས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ། གནད་དོན་གྱི་གསལ་ཐོ་དང་། ལས་འགན་གྱི་གསལ་ཐོ། འགན་འཁྲིའི་གསལ་ཐོ་བཅས་བཟོས་ནས་ལས་དོན་ཚང་མ་དོན་ཐོག་ཏུ་འཁྱོལ་བ་དང་བྱ་བ་ཚང་མར་བརྡ་ལན་ཡོད་པ་བྱེད་དགོས། སྐོར་གཟིགས་དག་ཐེར་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་གཙོ་གནད་མི་སྣ་དང་གཙོ་གནད་བྱ་བར་དམ་འཛིན་ལྷོད་མེད་དང་། རྩིས་ཁྲ་རེ་རེ་བཞིན་བཤེར་ནས་མེད་པ་བཟོ་བ། དག་ཐེར་དང་འགན་འཁྲི་རྩད་གཅོད་ཀྱི་ལམ་སྲོལ་འཛུགས་པ་བཅས་བྱས་ནས་ཁྲལ་སེལ་སླ་བཅོས་ཀྱིས་དག་ཐེར་དང་དག་ཐེར་རྫུན་མ་བྱེད་རིགས་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།
     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གཞུང་ཁོངས་ཁེ་ལས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་རྨང་གཞི་དང་ཆབ་སྲིད་ཀྱི་རྨང་གཞི་གལ་ཆེན་ཞིག་རེད། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། འགན་འཁྲི་དང་ལས་འགན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ་སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་། མཐའ་ཚད་འཛིན་སེམས་མཐའ་འཁྱོངས་བྱེད་པ། ཉེན་ཁ་འགོག་སེལ་མཐའ་གཅིག་ཏུ་བཅས་བྱས་ཏེ་ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་བཏང་ནས་དགོངས་གཞི་ནན་པོ་དང་། བྱེད་ཐབས་ནན་པོ། རྣམ་པ་སྒམ་ནན་བཅས་ཡུན་རིང་མཐའ་འཁྱོངས་བྱེད་པ་དང་། “འགོ་གཙོ་དང་པོ”དང་འགོ་ཁྲིད་ཚན་ཁག་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། རུལ་སུངས་ལ་ཆད་པ་ནན་པོ་གཅོད་པའི་དམ་བསྒྲགས་རྣམ་པ་མུ་མཐུད་མཐའ་འཁྱོངས་བྱེད་པ། གྱོད་གཞིར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་དང་གྱོད་གཞིར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་རུལ་སུངས་ཐོན་ས་དང་མཐུན་རྐྱེན་མཐའ་གཅིག་ཏུ་མེད་པ་བཟོ་དགོས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་ནན་ཏན་བྱས་ནས་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་དང་། ལས་བྱེད་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་རྒྱག་དགོས། སྐོར་གཟིགས་གྲུབ་འབྲས་ཕྱོགས་བསྡུས་ངང་ཡག་པོ་སྤྱོད་པ་དང་། སྐོར་གཟིགས་བྱེད་རིང་ཤེས་རྟོགས་བྱུང་བའི་ཐུན་མོང་རང་བཞིན་གྱི་གནད་དོན་དང་གཏིང་ཟབ་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ཞིབ་འཇུག་གཏིང་ཟབ་བྱས་ནས་ལམ་ལུགས་དང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་རྩ་ལག་མཉམ་བཅོས་ལ་སྐུལ་འདེད་གཏོང་དགོས།
     (ཚེ་ཁོས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)