འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་30ཉིན།

༄༅།།ཀྲུང་གོ་སྒུལ་བདེས་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་ 5G-Aཚོང་སྤྱོད་དྲ་རྒྱ་བསྐྲུན་རྩིས་ཡོད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་30ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཧང་ཀྲོའུ་ནས་ཟླ་3ཚེས་28ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་སྒུལ་བདེ་ཚོགས་པ་ནས་ཤེས་རྟོགས་བྱུང་བར། ཚེས་28ཉིན་ཀྲུང་གོ་སྒུལ་བདེས་ཀྲེ་ཅང་ཧང་ཀྲོའུ་རུ་5G-A(5G-Advanced)ཚོང་སྤྱོད་བཀོད་སྒྲིག་ཁྱབ་བསྒྲགས་བྱས་ནས། ལོ་དེའི་ནང་རྒྱལ་ཡོངས་ཀྱི་གྲོང་ཁྱེར་300ལྷག་ཙམ་བར་རྒྱ་སྐྱེད་བཏང་སྟེ་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་5G-Aཚོང་སྤྱོད་དྲ་རྒྱ་བསྐྲུན་རྒྱུ་ཡིན་པ་རེད།
     “5Gདེ་5G-Aབར་རིམ་བཞིན་འཕེལ་འགྱུར་བྱུང་ཡོད”ཀྲུང་གོ་སྒུལ་བདེའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀའོ་ཐུང་ཆིང་གིས་5G-Aདྲ་རྒྱའི་མྱུར་ཚད་མགྱོགས་ཤོས་5Gཡི་ལྡབ་10ཟིན་གྱི་ཡོད། ཁག་དང་པོའི་5G-Aཡི་དྲ་རྒྱའི་ཚོང་སྤྱོད་གྲོང་ཁྱེར་100ཡི་ནང་པེ་ཅིང་དང་། ཧྲང་ཧའེ། ཐེན་ཅིན། ཁྲུང་ཆིང་། ཀོང་ཀྲོའུ། ཧྲེན་ཀྲེན། ཧང་ཀྲོའུ་སོགས་ཚུད་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། 5G-Aནི་5Gནས་6Gབར་འཕེལ་རྒྱས་འགྲོ་བའི་འགག་རྩའི་དུས་མཚམས་ཤིག་ཡིན། 5Gདང་བསྡུར་ན་དེར་མྱུར་ཚད་དེ་བས་མགྱོགས་པ་དང་། སྦྲེལ་མཐུད་དེ་བས་ཆེ་བ། དུས་འགྱངས་དེ་བས་ཐུང་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་པ་རེད།