འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་29ཉིན།

༄༅།།བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་འཁྲབ་སྟོན་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་29ཉིན། 17:29】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་26ཉིན་གྱི་དགོང་མོར།2024ལོའི་སྐལ་བཟང་མེ་ཏོག་འཁྲབ་སྟོན་དུས་ཚིགས་ཀྱི་དུས་ཚིགས་དང་པོའི་རིག་རྩལ་བྱེད་སྒོ་སྟེ། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་འཁྲབ་སྟོན་དངོས་སུ་སྤེལ་འགོ་ཚུགས་ཤིང་། གཏམ་བརྗོད་ཟློས་གར《བོད་སྐྱོད་པ་རྒན་གྲས》འགོ་ཚུགས་འཁྲབ་སྟོན་དུ་བྱས་ནས་བོད་ཀྱི་ཟློས་གར་ཁང་ཆེན་མོར་བསྟུད་མར་ཉིན་གསུམ་འཁྲབ་སྟོན་བྱས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འཁྲབ་སྟོན་བྱེད་སྒོ་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་བྱེད་སྒོའི་གྲས་ཤིག་ཡིན་པ་དང་། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་ཉེ་དུས་བརྗོད་དོན་གཙོ་བོའི་རིག་རྩལ་མཚན་ཚོགས་སོགས་འཁྲབ་སྟོན་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། འཁྲབ་སྟོན་པ་ནི་རང་སྐྱོང་ལྗོངས་ཀྱི་ཐད་གཏོགས་ཆེད་ལས་སྒྱུ་རྩལ་ཚོགས་པས་གཙོ་བོར་བྱས་པ་དང་རོལ་དབྱངས་དང་། ཞབས་བྲོ། གཏམ་བརྗོད་ཟློས་གར། ལྷ་མོ་སོགས་ཀྱི་སྒྱུ་རྩལ་རྣམ་པར་བརྟེན་ཏེ། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65སོང་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕོ་འགྱུར་མངོན་པ་དང་། རླབས་ཆེན་མེས་རྒྱལ་དང་། ཀྲུང་གོ་གུང་ཁྲན་ཏང་། དུས་རབས་གསར་པ་དང་། བོད་ལྗོངས་གསར་པ། ཉམས་འགྱུར་གསར་པ་བཅས་ལ་བསྟོད་གླུ་ཕུལ་བ་རེད།