འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་29ཉིན།

༄༅།།ཀན་སུའུ་ལུང་ནན་དུ་མེ་སྐྱོན་ཤོར་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་29ཉིན། 17:25】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་3ཚེས་28ཉིན་གྱི་ཆུ་ཚོད་13དང་སྐར་མ་20ཡོལ་ཙམ་ལ། ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་ཁང་རྫོང་སན་ཧོ་པཱ་གྲོང་རྡལ་དུ་མེ་སྐྱོན་ཤོར་བ་རེད། མཚན་མོར་རླུང་ཕྱོགས་གློ་བུར་དུ་འགྱུར་ཏེ། ཆུ་ཚོད་21ཡས་མས་སུ་མེ་སྐྱོན་བྱུང་ཡུལ་བྱང་ཤར་དང་ཤར་ལྷོའི་ཕྱོགས་སུ་སྨི་400ཅན་གྱི་མེ་མཆེད་ཡོད་པ་དང་། གཙོ་བོ་བྱང་ཤར་གྱི་ཕྱོགས་སུ་མཆེད་བཞིན་ཡོད། མིག་སྔར་མེ་ཟོན་རོགས་སྐྱོབ་ལུང་ནན་ཡན་ལག་རུ་ཁག་གི་མི་30སན་ཧོ་པཱ་གྲོང་རྡལ་དུ་དཔུང་རོགས་བྱེད་པར་བསྐྱོད་པ་དང་། ཀན་སུའུ་ཞིང་ཆེན་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་མི་105ཡུལ་དངོས་སུ་འབྱོར་ཡོད། 
     ཤེས་རྟོགས་བྱུང་བར་གཞིགས་ན། མེ་སྐྱོན་ཐོན་སའི་ཤར་ལྷོའི་ཕྱོགས་སུ་དབྱང་ཐེན་པཱ་གྲོང་ཚོ་ཡོད་པ་དང་། ལྷོ་ནུབ་ཕྱོགས་སུ་ཧྲི་པེ་ལིན་གྲོང་ཚོ་ཡོད། གྲོང་ཚོ་གཉིས་སུ་ཁྱོན་དུད་ཚང་301ཡོད་པ་རེད། མེ་ཟོན་སྡེ་ཁག་དང་ས་གནས་དེ་གའི་སྲིད་གཞུང་གིས་མི་100ལྷག་ཙམ་སྒྲིག་འཛུགས་བྱས་ནས་མེ་གསོད་ཀྱི་ཡོད་པ་དང་། མིག་སྔར་མེ་གསོད་ལས་དོན་སྤེལ་བཞིན་པའི་སྒང་ཡིན།