འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་29ཉིན།

༄༅།།ཀྲུང་གོས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་29ཉིན། 17:25】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་3ཚེས་28ཉིན་གྱི་ཕྱི་དྲོར། རྒྱལ་སྲུང་པུས་གསར་འགོད་པའི་རྒྱུན་གཏན་ཚོགས་འདུ་འཚོགས་པ་དང་། རྒྱལ་སྲུང་པུའུ་གསར་འགྱུར་ཅུས་ཀྱི་ཅུས་ཀྲང་དང་། རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཏཱ་ཞའོ་དམག་དཔོན་ཝུའུ་ཆན་གྱིས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད། 
     གསར་འགོད་པས། གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་སྲིད་གཞུང་གིས་རྒྱལ་ཚོགས་ལ་2025ལོའི་ནོར་སྲིད་ལོ་འཁོར་གྱི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་སྔོན་རྩིས་འཆར་ཟིན་བཏོན་པ་དང་། རྒྱལ་སྲུང་སྔོན་རྩིས་ཨ་སྒོར་དུང་ཕྱུར་8952བར་མང་དུ་བཏང་བ་མ་ཟད། ཀྲུང་གོར་ཟིལ་གནོན་གྱི་འབྲེལ་ཡོད་སྔོན་རྩིས་ཀྱང་8%མང་དུ་བཏང་ཡོད་པར་གཏམ་བཤད་པས་དཔྱད་གཏམ་གང་ཞིག་སྤེལ་རྒྱུ་ཡིན་ནམ་ཞེས་དྲིས།  
     ཝུའུ་ཆན་གྱིས། ཉེ་བའི་ལོ་ཤས་རིང་ཨ་རིས་དམག་གྲོན་གྱི་སྔོན་རྩིས་མུ་མཐུད་མང་དུ་བཏང་ཞིང་། གྲངས་འབོར་ཡང་རང་གྲལ་གྱི་རྗེས་སུ་ཡོད་པའི་རྒྱལ་ཁབ་9ཡི་དམག་གྲོན་བསྡོམས་འབོར་ལས་བརྒལ་ཡོད། 2025ལོའི་ནོར་སྲིད་ལོ་འཁོར་གྱི་རྒྱལ་སྲུང་སྔོན་རྩིས་ཀྱིས་ཨ་རིའི་སྲིད་གཞུང་གི་ནོར་སྲིད་གཏོང་སྒོའི་12%བཟུང་ནས། འཛམ་གླིང་གི་རྒྱལ་ཁབ་གཞན་དག་ལས་ཆེས་ཆེར་བརྒལ་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེར་དོ་ཁུར་ཆེན་པོར་བྱེད་ཀྱི་ཡོད། 
     ནན་བཤད་བྱེད་དགོས་པ་ཞིག་ནི། ཨ་རི་ཕྱོགས་ཀྱིས་དམག་གྲོན་སྔོན་རྩིས་སྔར་ལས་མང་པོ་ཐོབ་ཆེད། ཀྲུང་གོར་ཁག་དཀྲི་ཡང་ནས་བསྐྱར་དུ་བྱས་པ་མ་ཟད། “ཀྲུང་གོའི་དམག་དོན་འཇིགས་སྐུལ་”ཟེར་བ་རྫུན་བཟོ་བྱེད་ཀྱི་ཡོད། ཁུངས་མེད་ཀྱི་དགྲར་འཛིན་བྱེད་སྟངས་དེ་རིགས་ནི་འཐབ་ཇུས་ཐོག་ཉེན་ཁ་ཧ་ཅང་ཆེན་པོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། 
     ང་ཚོས་མི་སུ་ལའང་འཇིགས་སྐུལ་བྱེད་མི་འདོད་མོད། འོན་ཀྱང་སུའི་འཇིགས་སྐུལ་ལའང་མི་སྐྲག ཀྲུང་གོའི་དམག་དཔུང་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་རྒྱུ་དེ་མི་སུ་ཞིག་དང་སྟོབས་ཤུགས་གང་ཞིག་གིས་ཀྱང་བཀག་འགོག་བྱེད་ཐབས་མེད་ཅེས་བཤད།