འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་29ཉིན།

༄༅།།རྒྱལ་ཁབ་ཕྱག་རྟཊ་ཀྱི་ཉམས་འགྱུར་ལ་བལྟ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་29ཉིན། 16:39】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 


     ཀྲུང་དབྱང་གི་ཕྱག་རྟགས་དང་རིག་དངོས་དོ་དམ་ལྟེ་གནས་ནི་པེ་ཅིན་གྲོང་ཁྱེར་ཤར་གྲོང་ཆུས་ཞི་ཞིན་ལུང་ཁྲོམ་ལམ་དང་པོར་གནས་ཤིང་། འགྲེམས་སྟོན་ཁང་ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཚུན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཕྱི་འབྲེལ་བྱེད་སྒོའི་ནང་དང་ལེན་བྱས་པ་དང་། རྒྱལ་ཁབ་གཞན་ལ་ཕུལ་བའི་མཚོན་བྱེད་རང་བཞིན་གྱི་ཕྱག་རྟགས་670ལྷག་ཙམ་འགྲེམས་སྟོན་བྱས་ཡོད། ཕྱག་རྟགས་རེ་རེའི་ཁྱད་ཆོས་མངོན་གསལ་དོད་ཅིང་། ཞིབ་ཚགས་ཤིང་སྤུས་དག་པ། རིག་གནས་མི་འདྲ་བ་དང་ཡུལ་སྲོལ་གོམས་གཤིས་མི་འདྲ་བ་མཚོན་ཡོད། དེ་དག་ལས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བྱེད་སྒོའི་ལོ་རྒྱུས་དང་དྲན་ཤེས་མཚོན་ཡོད།