འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་29ཉིན།

༄༅།།བོད་ལྗོངས་ལྷོ་རྒྱུད་ས་ཁུལ་ནི་གནའ་སྔ་མོ་ནས་ཀྲུང་གོའི་ས་ཁོངས་ཡིན། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་29ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཟླ་3ཚེས་28ཉིན་གྱི་ཕྱི་དྲོ། རྒྱལ་སྲུང་པུས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་འཚོགས་པ་དང་། རྒྱལ་སྲུང་པུའུ་གསར་འགྱུར་ཅུས་ཀྱི་ཅུས་ཀྲང་རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཏཱ་ཞའོ་དམག་དཔོན་ཝུའུ་ཆན་གྱིས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད། 
    གསར་འགོད་པས། གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་རྒྱལ་སྲུང་པུའུ་ཡིས་ཀྲུང་གོ་ཕྱོགས་ནས་བོད་ལྗོངས་ལྷོ་རྒྱུད་ས་ཁུལ་ནི་ཀྲུང་གོའི་སྔར་ཡོད་མངའ་ཁོངས་ཡིན་ཟེར་བ་ནི་“ཁུངས་ལུང་མེད་པའི་”འདོད་ཚུལ་འཛིན་པ་རེད་ཟེར་བ་མ་ཟད། “ཨ་ལུའུ་ན་ཆར་མངའ་སྡེ་”ནི་རྒྱ་གར་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད་ཅེས་ཀྱང་བཤད་པ་རེད། ཨ་རིས་ཀྱང་“ཨ་ལུའུ་ན་ཆར་མངའ་སྡེ་”ནི་རྒྱ་གར་གྱི་མངའ་ཁོངས་ཡིན་པ་དང་། དམག་དོན་ལམ་ཡང་ན་དམངས་དོན་གྱི་བྱེད་ཐབས་བརྒྱུད་ཚོད་འཛིན་ལམ་ཐིག་དངོས་ལས་སྒྲོལ་བར་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བཤད། མགྲིན་ཚབ་པས་དེའི་ཐད་ལན་ཅི་ཞིག་བསྐྱོན་རྒྱུ་ཡིན་ནམ་ཟེར། 
    ཝུའུ་ཆན་གྱིས། བོད་ལྗོངས་ལྷོ་རྒྱུད་ས་ཁུལ་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་མངའ་ཁོངས་ས་ཆ་ཡིན་པ་འདི་ནི་ཁས་མི་ལེན་ཐབས་མེད་ཀྱི་དོན་དངོས་ཤིག་ཡིན་པ་ལས། “ཨ་ལུའུ་ན་ཆར་མངའ་སྡེ”ཟེར་བ་ག་ནས་བྱུང་བ་རེད་ཅེས་དང་། 
    ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་གཞན་གྱི་རྩོད་རྙོག་ལ་སྐུལ་འདེད་གཏོང་བ་དང་སྒེར་གྱི་ཁེ་ཕན་དོན་གཉེར་བྱེད་པའི་ཐད་ལོ་རྒྱུས་ཐོག་བྱས་ཤུལ་ངན་པ་ཡོད་པ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གསལ་པོར་ཤེས་ཀྱི་ཡོད། ཀྲུང་གོ་དང་རྒྱ་གར་དབར་མཐའ་འབྲེལ་ལམ་སྲོལ་དང་འབྲེལ་གཏུག་གི་ཐབས་ལམ་འཐུས་སྒོ་ཚང་པོ་ཡོད་པས། ཕྱོགས་གཉིས་ཀར་གླེང་མོལ་བྱེད་རེས་ཀྱི་ཐོག་ནས་ས་མཚམས་ཀྱི་གནད་དོན་ཐག་གཅོད་འཚམ་པོར་བྱེད་པའི་ནུས་པ་དང་འདོད་མོས་ཡོད་ཅེས་བཤད།