འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་28ཉིན།

༄༅།།ཕུའུ་ཅིང་གིས་དོན་འདི་ཁྱབ་བསྒྲཊ་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་28ཉིན། 15:17】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་26ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་སྤྱི་ཁྱབ་ཞིབ་དཔྱོད་ཁང་གི་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་བ་རེད། 
     ཕུའུ་ཅིང་གིས། སྤྱི་ཁྱབ་ཞིབ་དཔྱོད་ཁང་གིས་ནང་སྲིད་པུའུ་དང་མཉམ་དུ་སྔོན་འགོག་རང་བཞིན་གྱི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་གཏོང་ཐབས་ཀྱི་མ་ལག་ཞིབ་འཇུག་བྱས་ནས་བཟོ་དགོས་པ་དང་། གནས་སྤོས་ཡུལ་མིའི་ཁྱབ་ཁོངས་སུའང་འབྲེལ་ཡོད་བྱེད་ཐབས་བཟོ་དགོས་པའི་བླང་བྱ་བཏོན་ཡོད། ཁོང་གིས་ཞིབ་དཔྱོད་ཁང་ལ་སློབ་གསོའི་སྒྲིག་གཞི་དང་བྱིས་པའི་རོལ་རྩེད་བྱ་ཡུལ་གྱི་བདེ་འཇགས་གནད་དོན་ལ་དམིགས་བསལ་དོ་ཁུར་བྱེད་དགོས་པའི་འབོད་སྐུལ་ཡང་བྱས་པ་རེད།