འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་28ཉིན།

༄༅།།འགོ་ཁྲིད་འདི་བཟུང་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་28ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་27ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་གི་ཏང་ཨུའི་ཧྲུའུ་ཅི་དང་ཐིང་ཀྲང་ཟུར་པ་ཧན་ཞང་ཧུའེ་(ཐིང་རིམ་པ་རྒན་པ་)ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ། མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་དང་ཞུ་གཏུག་བྱ་རྒྱུར་ཕུལ་བ་རེད། ལྐོག་རྔན་བླངས་པའི་ཉེས་གསོག་དོགས་ཡོད་ཀྱི་ཐོག་ནས་ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཧན་ཞང་ཧུའེ་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད། གྱོད་གཞི་འདི་མུ་མཐུད་དུ་ཐག་གཅོད་བཞིན་ཡོད།