འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་28ཉིན།

༄༅།།ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་བཤད་དོན།  

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་28ཉིན། 15:15】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་3ཚེས་27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ཁང་གིས་རྒྱུན་ལྡན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། མགྲིན་ཚབ་པས་ཁྲེན་པིན་ཧྭ་ཡིས་གསར་འགོད་པའི་དྲི་བར་ལན་བསློགས་པ་རེད། 
     གསར་འགོད་པ་ཞིག་གིས། ཉིན་ཤས་གོང་། ཨ་རིའི་ཧིན་རྡུ་དང་ཞི་བདེ་རྒྱ་མཚོའི་དམག་སྤྱི་པུའུ་ཡི་དམག་སྤྱི་ཡིས། ཀྲུང་གོས་2027ལོའི་གོང་“དྲག་ཤུགས་ཀྱིས་ཐའེ་ཝན་ལ་བཙན་འཛུལ་བྱེད་པར”གྲ་སྒྲིག་ཡག་པོ་བྱ་རྒྱུ་རེད་ཞེས་བཤད། ཐའེ་ཝན་གྱི་བདེ་འཇགས་སྡེ་ཁག་གི་འགན་འཁུར་བས་འབྲེལ་ཡོད་ཆ་འཕྲིན་ལ་དགོས་ངེས་ཀྱི་དབྱེ་ཞིབ་བྱ་རྒྱུ་ཡིན་ཞེས་བཤད། དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།  
     ཁྲེན་པིན་ཧྭ་ཡིས་བསྟན་དོན། ཨ་རི་ཕྱོགས་ཀྱི་མི་ཁ་ཤས་ཀྱིས་བསམ་ངན་ཁོག་བཅངས་ཀྱིས་“དུས་ཚོད་གཏན་འཁེལ་བ”ཟེར་བ་ཟམ་མི་ཆད་པར་བསྒྲགས་ཏེ། སྐམ་ས་ཆེན་མོའི་“དམག་དོན་འཇིགས་སྐུལ”སྒྲོ་འདོགས་དང་ཐའེ་ཝན་མཚོ་འགག་གི་དམག་འཁྲུག་རྣམ་པ་འུད་སྒྲོག་བྱས་པ་དེ་ནི་ཐའེ་ཝན་ལ་ཐེ་ཇུས་བྱེད་པའི་གནད་དོན་ལ་ཁ་གཡར་ས་དང་། ཨ་རིའི་དམག་དོན་བཟོ་ལས་ཀྱིས་རྒྱུ་ནོར་བསྡུ་ལེན་བྱེད་པའི་ཆེད་དུ་རེད། ཨ་རིའི་སྲིད་གཞུང་གིས་གལ་ཏེ་ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལྷག་བསམ་རྣམ་དག་ངང་སྲུང་སྐྱོང་བྱེད་འདོད་ན། ངན་སྐུལ་མེ་ཁྱེར་བྱེད་མཚམས་བཞག་ནས་བྱ་སྤྱོད་ཏན་ཏིག་སྤེལ་ཏེ་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་ཨ་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་ལ་བརྩི་སྲུང་ནན་པོ་བྱས་ནས། “ཐའེ་ཝན་རང་བཙན”ལ་རྒྱབ་སྐྱོར་མི་བྱེད་པའི་རྣམ་འགྱུར་དོན་ཐོག་ཏུ་འཁྱོལ་དགོས།  
     ཁྲེན་པིན་ཧྭ་ཡིས། ཐའེ་ཝན་ནི་ཀྲུང་གོའི་ཐའེ་ཝན་ཡིན། ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱས་ནས་མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་རེ་འདུན་ཡིན་ལ། བླ་ན་མེད་པའི་ལས་འགན་དང་དྲང་བདེན་གྱི་བྱ་གཞག་ཀྱང་ཡིན། དུས་ནམ་ཞིག་དང་བྱེད་ཐབས་གང་ཞིག་སྤྱད་ནས་ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་ཀྲུང་གོའི་ནང་ཁུལ་གྱི་ལས་དོན་ཁོ་ན་ཡིན་པས་ཕྱི་ཕྱོགས་ནས་ཐེ་གཏོགས་གང་ཡང་བྱེད་མི་རུང་ཞེས་ནན་བཤད་བྱས།