འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་28ཉིན།

༄༅།།མུ་མཐུད་དུ་བྱེ་རླུང་ལྡང་བའི་ཉེན་བརྡ་སེར་པོ་བཏང་། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་28ཉིན། 15:14】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཟླ་3ཚེས་28ཉིན་གྱི་ཆུ་ཚོད་06པར་བྱེ་རླུང་ལྡང་བའི་ཉེན་ཟོན་སྔོན་བརྡ་སེར་པོ་མུ་མཐུད་ཁྱབ་བསྒྲགས་བྱས། 
     མཁའ་རླུང་གྲང་མོ་དང་རླུང་ཆེན་གྱིས་ཤུགས་རྐྱེན་ཐེབས་པའི་དབང་གིས། སྔོན་དཔག་བྱས་ན། ཟླ་3ཚེས་28ཉིན་གྱི་ཆུ་ཚོད་08ནས་ཚེས་29ཉིན་གྱི་ཆུ་ཚོད་08བར། ཞིན་ཅང་གི་ལྷོ་རྒྱུད་གཤོང་ས་དང་། ནང་སོག་གི་དབུས་ཤར་རྒྱུད། ཉིང་ཞའི་བྱང་རྒྱུད། ཧྲའན་ཞིའི་བྱང་རྒྱུད། ཧྲན་ཞི། ཧོ་པེ། པེ་ཅིང་། ཐེན་ཅིན། ཧྲན་ཏུང་། ཧོ་པའེ་ཡི་རྒྱབ་ལོགས་དང་ཧེ་ལུང་ཅང་གི་ནུབ་རྒྱུད། ཅི་ལིན་གྱི་ནུབ་རྒྱུད། ལེའོ་ཉིང་གི་དབུས་ནུབ་སོགས་ས་ཁུལ་ཁག་ཅིག་ཏུ་བྱེ་རླུང་འཚུབ་པའི་གནམ་གཤིས་བསྟན་རྒྱུ་རེད།