འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་28ཉིན།

༄༅།།ཐའེ་ཝན་ཀྱི་རེ་འདོད་འདིའི་ཐད་ལན་བསློཊ་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་28ཉིན། 15:13】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་3ཚེས་27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ཁང་གིས་རྒྱུན་གཏན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། མགྲིན་ཚབ་པ་ཁྲེན་པིན་ཧྭ་ཡིས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད། 
     གསར་འགོད་པ་ཞིག་གིས། ཐའེ་ཝན་མཚོ་འགག་ངོགས་གཉིས་ཀྱི་ཐེབས་རྩ་ཚོགས་པའི་ལས་འཛིན་ལྷན་ཚོགས་ཀྱི་འགོ་འཛིན་པ་ལི་ཏ་ཝུའེ་ཡིས། ཉིན་ཤས་གོང་ཐའེ་ཝན་ཕྱོགས་ཀྱིས་ངོགས་གཉིས་བར་སྐད་ཆ་ཤོད་རེས་སླར་གསོ་བྱེད་འདོད་ཡོད་མོད། འོན་ཀྱང་སྐམ་ས་ཆེན་མོས་རྒྱུན་དུ་“ཀྲུང་གོ་གཅིག་གི་རྩ་དོན་དང་། གོ་གཉིས་ལོའི་ཐུན་མོང་ངོས་འཛིན་”གྱི་ཐོག་ནས་ལན་བསློགས་ཡོད་པས། དེར་རེ་འདོད་མེད་པ་ཤེས་ཐུབ། སྐམ་ས་ཆེན་མོས་ཕྱོགས་ཞེན་དོར་ནས་ངོགས་གཉིས་སྤེལ་རེས་བྱེད་པའི་རེ་བ་ཡོད་ཅེས་བརྗོད་ཡོད། དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས། 
     ཁྲེན་པིན་ཧྭ་ཡིས། ཀྲུང་གོ་གཅིག་གི་རྩ་དོན་མཚོན་པའི་“གོ་གཉིས་ལོའི་གཅིག་མཐུན་ངོས་འཛིན་”དུ་ངོགས་གཉིས་ཀྱི་འབྲེལ་བའི་ངོ་བོ་གཏན་འཁེལ་གསལ་པོར་བྱས་ཡོད་པས། ངོགས་གཉིས་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱེད་པའི་ཆབ་སྲིད་ཀྱི་རྨང་གཞི་རེད། ཐའེ་ཝན་ཕྱོགས་ཀྱིས་ངོགས་གཉིས་བར་སྐད་ཆ་ཤོད་རེས་སླར་གསོ་བྱེད་འདོད་ཡོད་ཚེ་“གོ་གཉིས་ལོའི་གཅིག་མཐུན་ངོས་འཛིན་”གྱི་ཆབ་སྲིད་རྨང་གཞིའི་ཐོག་ཕྱིར་ལོག་དགོས། དེ་ལྟར་མ་བྱས་ན་མཚོ་འགག་ངོགས་གཉིས་བར་སྐད་ཆ་ཤོད་རེས་བྱ་རྒྱུ་སྟོང་བཤད་བྱེད་པ་དེ་ནི་དངོས་གནས་ལྷག་བསམ་མེད་པ་ཞིག་རེད་ཅེས་བཤད།