འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་28ཉིན།

༄༅།།སྐད་འཕྲིན་ནང་འདི་སྤྱོད་མི་ཆོག

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་28ཉིན། 15:13】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་26ཉིན་སྐད་འཕྲིན་བདེ་འཇགས་ལྟེ་གནས་ཀྱིས《སྐད་འཕྲིན་ནང་“ཕྱི་འགེལ”བྱ་སྤྱོད་ལ་དམིགས་ནས་རྡུང་རྡེག་གཏོང་བའི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས། ནང་དོན་ཆ་ཚང་གཤམ་གསལ་ལྟར། 
     སྐད་འཕྲིན་གྱིས་སྤྱོད་མཁན་ལ་སེམས་བཟང་མཛའ་མཐུན་གྱི་དྲ་རྒྱའི་ཁོར་ཡུག་ཅིག་གཏོད་རྒྱུ་མཐའ་འཁྱོངས་བྱ་ཆེད། སེམས་བཟང་ངང་སྤྱོད་རྒྱུ་དར་སྤེལ་བྱས་ནས་སྐད་འཕྲིན་ལ་བརྟེན་ནས་བསམ་ངན་འཆང་བའམ་ཡང་ན་མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་སྤེལ་མི་ཆོག སྤྱོད་མཁན་གྱིས་སྐད་འཕྲིན་མཉེན་ཆས་སྤྱོད་པའི་བརྒྱུད་རིམ་ནང་སྤྱོད་མཁན་གྱི་ཉམས་ལེན་ལ་ཤུགས་རྐྱེན་བཟོ་བ་དང་། ཐེང་ཞིན་གྱི་ཤེས་བྱའི་བདག་དབང་ལ་གནོད་འཚེ་གཏོང་བ། སྟེགས་བུའི་བདེ་འཇགས་ལ་ཉེན་ཁ་བཟོ་བ། མི་གཞན་གྱི་ཁེ་དབང་ལ་གནོད་འཚེ་གཏོང་བ་བཅས་ཀྱི་བྱ་སྤྱོད་སྤེལ་མི་ཆོག   
     《སྐད་འཕྲིན་གྱི་མི་སྒེར་གྱི་ཐོ་ཨང་བེད་སྤྱོད་ཚད་གཞིའི》གཏན་འབེབས་ལ་གཞིགས་ན། སྐད་འཕྲིན་གྱིས“ཕྱི་འགེལ”སྣ་ཚོགས་སྤྱོད་མི་ཆོག་པ་ཁ་གསལ་བཟོས་ཡོད། འོན་ཀྱང་ཉེ་དུས་ང་ཚོས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱོད་མཁན་ཁག་ཅིག་གིས་སྒྲིག་འགལ་ངང་“ཕྱི་འགེལ”མཉེན་ཆས་ཐེངས་མང་སྤྱོད་པའམ་ཡང་ན། གྲོགས་ཚོམས་ནང་ཆ་འཕྲིན་ཕྱིར་ཚོང་བྱེད་པའི་བྱ་སྤྱོད་ཐེངས་མང་སྤེལ་བ་རེད། དེའི་ཐད་སྐད་འཕྲིན་བདེ་འཇགས་ཚོགས་པས་ཆེད་དོན་གཙང་བཤེར་བྱས་པ་དང་འབྲེལ་གཙང་བཤེར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་རེད།  
     གོང་གསལ་གྱི་བྱ་སྤྱོད་ཤེས་རྟོགས་ཐུབ་མ་ཐག ང་ཚོས་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་། དེ་བཞིན《ཐེང་ཞིན་གྱི་སྐད་འཕྲིན་མཉེན་ཆས་ཀྱི་ཆོག་འཐུས་དང་ཞབས་ཞུའི་གྲོས་མཐུན》དང་། 《སྐད་འཕྲིན་མི་སྒེར་གྱི་ཐོ་ཨང་བཀོལ་སྤྱོད་ཚད་གཞི》གཞིར་བཟུང་། སྒྲིག་འགལ་གྱི་ཚབས་ཆེ་ཆུང་ལ་གཞིགས་ནས་སྐས་རིམ་རྣམ་པའི་ཐོག་ནས་ཐག་གཅོད་བྱ་རྒྱུ་དང་། སྒྲིག་སྲོལ་ལས་ཐེངས་མང་འགལ་མཁན་ལ་ཆད་པ་ནན་མོ་གཅོད་རྒྱུ་རེད།