འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་28ཉིན།

༄༅།།ཨ་རིས་དངོས་ཚན་དང་སྒེར་པ་འདི་དག་བཀག་སྡོམ་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་28ཉིན། 15:12】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་26ཉིན། ཨ་རིའི་ནོར་སྲིད་པུའི་ཕྱི་རྒྱལ་གྱི་རྒྱུ་ནོར་ཚོད་འཛིན་གཞུང་དོན་ཁང(OFAC)གིས་ལི་པེ་རི་ཡ་དང་། རྒྱ་གར། ཝེ་ཐེ་ནམ། ལེ་པ་ནོན་བཅས་ཀྱི་དངོས་ཚན་དྲུག་དང་། སྒེར་པ་གཅིག སྣུམ་འདྲེན་གྲུ་གཟིངས་གཉིས་བཅས་བཀག་སྡོམ་བྱས། དེ་དག་གིས་དབྱི་རན་དབྱི་སི་ལམ་གསར་བརྗེའི་སྐུ་སྲུང་ཁོངས་གཏོགས་ཀྱི་“གྲོང་མཆོག་མདའ་ཤོག་”དང་། ཧུའུ་སའེ་དྲག་ཤུགས། ལེ་པ་ནོན་གྱི་དད་དཔོན་ཏང་བཅས་ལ་ཚོང་ཟོག་སྐྱེལ་འདྲེན་དང་དངུལ་རྩའི་ཉོ་ཚོང་སྟབས་བདེ་མཁོ་འདོན་བྱས་ཡོད་ཅེས་བརྗོད་པ་རེད། 
     གསལ་བསྒྲགས་ནང་བྱ་སྤྱོད་དེ་ནི་2023ལོའི་ཟླ་12པ་ནས་བཟུང་། ཧུའུ་སའེ་དྲག་ཆས་དངུལ་རྩའི་ཞབས་ཞུའི་ཚོང་པ་སའེ་དབྱི་ཏེ་·ཅ་མའེ་ལེ་དྲ་བར་དམིགས་པའི་རེས་སྐོར་དྲུག་པའི་བཀག་སྡོམ་ཞིག་རེད་ཅེས་འཁོད་ཡོད།