འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་28ཉིན།

༄༅།།2024ལོའི་ཀྲུང་གོ་རྒྱལ་སྤྱིའི་ཆིང་ནུས་དང་གློག་རྫས་ཐོན་ལས་ཀྱི་འགྲེམས་ཚོགས་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་28ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་ཚེས་26ཉིན། ཕྱི་རྒྱལ་གྱི་ལྟ་སྐོར་བ(གཡོན)ཞིག་གིས་རྒྱལ་ནང་གི་ཆིང་ནུས་ཁེ་ལས་ཤིག་གི་འགྲེམས་སྟེགས་མདུན་དུ་འགྲེལ་བཤད་ཉན་བཞིན་པ།
འདི་ནི་ཚེས་26ཉིན། ཕྱི་རྒྱལ་གྱི་ལྟ་སྐོར་བ(གཡོན)ཞིག་གིས་རྒྱལ་ནང་གི་ཆིང་ནུས་ཁེ་ལས་ཤིག་གི་འགྲེམས་སྟེགས་མདུན་དུ་འགྲེལ་བཤད་ཉན་བཞིན་པ།
   ཟླ་3ཚེས་26ཉིན། དུས་ཡུན་ཉིན་གསུམ་གྱི་2024ལོའི་ཀྲུང་གོ་རྒྱལ་སྤྱིའི་ཆིང་ནུས་དང་གློག་རྫས་ཐོན་ལས་ཀྱི་འགྲེམས་ཚོགས་པེ་ཅིང་གི་ཀྲུང་གོ་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས(ཁྲའོ་དབྱང་འགྲེམས་ཁང)སུ་འགོ་ཚུགས་ཤིང་། འདི་ལོའི་ཆིང་ནུས་འགྲེམས་སྟོན་དེ་འགྲེམས་སྟོན་དང་གླེང་སྟེགས་ཁག་གཉིས་སུ་དབྱེ་ཡོད་པ་དང་། འགྲེམས་སྟོན་ནང་གོ་ལ་ཧྲིལ་པོའི་ཆིང་ནུས་དང་གློག་རྫས་ཐོན་ལས་ཀྱི་སྣེ་འདྲེན་ཁེ་ལས་200ལྷག་ཙམ་ཞུགས་ཡོད། གླེང་སྟེགས་ནང་གླེང་སྟེགས་གཙོ་བོ་1དང་ཆེད་དོན་གླེང་སྟེགས་3ཚུད་ཡོད།