འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་26ཉིན།

༄༅།།བོད་ལྗོངས་ཀྱི་ཡུལ་འདི་དག་ལ་ཁ་བ་འབབ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་26ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་24ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གནམ་གཤིས་སྔོན་བརྡ་བཏང་བ་རེད། སྔོན་དཔག་བྱས་ན། ཚེས་28ཉིན་ནས་ཚེས་31ཉིན་བར། མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད་དང་། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད། ཉིང་ཁྲི། ནག་ཆུའི་དབུས་རྒྱུད་དང་ཤར་རྒྱུད་བཅས་ལ་ཁ་བ་ཆུང་ངུ་(ཆར་པ་)འབབ་རྒྱུ་ཡིན་ཞིང་། ས་ཆ་ཁ་ཤས་ལ་ཁ་བ་འབྲིང་བ་དང་ཆར་པ་འབབ་རྒྱུ་རེད། ཆབ་མདོ་དང་། ལྷ་ས། ལྷོ་ཁ་བཅས་ཀྱི་ཤར་རྒྱུད་དུ་སྤྲིན་མང་བ་ནས་གནམ་འཐིབས་རྒྱུ་དང་། ས་ཆ་ཁ་ཤས་སུ་ཁ་བ་འབབ་རྒྱུའམ་ཡང་ན་ཁ་ཆར་འདྲེས་མ་འབབ་རྒྱུ་རེད། ས་ཆ་གཞན་དུ་གནམ་ཐང་བ་ནས་སྤྲིན་མང་པོ་འཁོར་རྒྱུ་རེད།