འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་26ཉིན།

༄༅།།རྨ་སྟོད་རྫོང་ལ་ཤྭ་སྐྱ་བརྒྱ་ལྷག་ཐོན་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་26ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།རྨ་སྟོད་རྫོང་ལ་ཤྭ་སྐྱ་བརྒྱ་ལྷག་ཐོན་འདུག
     གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ཁོངས་སུ་ཤྭ་སྐྱ་བརྒྱ་ལྷག་ཐོན་ཞིང་། དེ་དག་སྐབས་འགར་རྩེད་འཇོར་རོལ་བ་དང་སྐབས་འགར་གཟན་ཆས་བཙལ་ནས་བག་ཕེབས་ངང་རྒྱུ་བཞིན་ཡོད།  
     ཤྭ་སྐྱ་ནི་མཆུ་ཏོ་དཀར་པོ་ཡིན་པས་མིང་ལ་ཤྭ་བ་མཆུ་དཀར་ཡང་ཟེར་ལ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན། ཀྲུང་གོའི་མཚོ་བོད་མཐོ་སྒང་དང་དེའི་མཐའ་མཚམས་རྒྱུད་ཀྱི་རི་མཐོའི་རྩྭ་ཐང་དུ་ཁྱབ་ཡོད་ལ། དེ་ནི་དཔེ་མཚོན་ལྡན་པའི་མཐོ་སྒང་ལ་འཚོ་སྡོད་བྱེད་པའི་ཤྭ་བའི་རིགས་ཡིན། 
     ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱི་སྣོད་བཅུད་སྲུང་སྐྱོབ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན། དེ་སྔ་འཚོལ་རྙེད་དཀའ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་མང་པོ་མཐོང་རྒྱུ་ཡོད་ལ། ཤྭ་སྐྱ་དང་སྟེས་དབང་གིས་འཕྲད་པ་རྒྱུན་གཏན་དུ་འགྱུར་བཞིན་ཡོད། 
【1】  【2】
༄༅།།རྨ་སྟོད་རྫོང་ལ་ཤྭ་སྐྱ་བརྒྱ་ལྷག་ཐོན་འདུག