འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་26ཉིན།

༄༅།།ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།

ཁྲེང་ཡུས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་26ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འབྲུ་རིགས་ཐོན་སྐྱེད་ཀྱི་རྩ་བ་རྨོ་ཞིང་ལ་ཐུག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ཡག་པོ་བྱེད་པ་དང་། གཞི་ཁྱོན་འོས་འཚམ་གཉེར་སྐྱོང་བྱེད་རྒྱུ་ཁྱབ་གདལ་གཏོང་བ། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། སོན་བཟང་དང་། གོ་སྐབས་བཟང་པོ། ཐབས་ཤེས་བཟང་པོ་བཅས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ། ཞིང་ཁ་ཡག་པོ་འདེབས་པ་དང་ཞིང་ནང་གཡོག་བྱེད་ཡག་པོ་བཅས་བྱས་ཏེ། འབྲུ་རིགས་ཀྱི་མུའུ་རེའི་ཐོན་འབབ་དང་སྤུས་ཚད་སྔར་བས་མཐོ་རུ་གཏོང་དགོས”ཞེས་ནན་བཤད་གནང་ཡོད། འདི་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་། “སྤུས་ཚད་ཨང་དང་པོ་མཐའ་འཁྱོངས་བྱས་ནས་བྱང་ཤར་གྱི་ས་ནག་ཁུལ་དང་། ཐང་གཤོངས་ཁུལ། ཆུ་འདྲེན་གྱི་ཆ་རྐྱེན་འཛོམས་པའི་ཁུལ་བཅས་ཀྱི་རྨོ་ཞིང་ཚད་གཞི་མཐོ་བའི་ཞིང་ཁར་འཛུགས་སྐྲུན་བྱེད་དགོས”ཞེས་བཏོན་ཡོད། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པ་དང་། ཞིང་ལས་དེང་རབས་ཅན་གྱི་འགྲོ་ལམ་དུ་སྐྱོད་པ། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱེད་པ་བཅས་ནི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད།
   ཉེ་བའི་ལོ་ཤས་རིང་། རྨོ་ཞིང་གི་སྤུས་ཚད་སྲུང་སྐྱོང་གི་ཁྲིམས་གང་མགྱོགས་འཛུགས་པ་དང་། ས་ནག་སྲུང་སྐྱོང་གི་ལས་གྲྭ་ལག་ལེན་བསྟར་བ། ས་ཆ་ཞན་འགྱུར་དུ་སོང་བའི་རྨོ་ཞིང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། རྨོ་ཞིང་གི་སྐྱེ་ལྡན་རྫས་བཅུད་མང་དུ་གཏོང་བའི་བྱ་སྤྱོད་སྤེལ་བ། བ་ཚྭ་ཅན་གྱི་ས་རྒྱུ་ཕྱོགས་བསྡུས་སྒྱུར་བཀོད་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་སོགས་བྱས་ཡོད། རྨོ་ཞིང་སྲུང་སྐྱོང་དང་ས་བཅུད་ལེགས་སུ་གཏོང་བར་དམ་འཛིན་ཡག་པོ་བྱས་ནས། རྨོ་ཞིང་དང་ལྷག་པར་དུ་ཡུན་རིང་གི་གཞི་རྩའི་ས་ཞིང་རྨོ་འདེབས་ལ་འཚམ་པ་དང་། ཐན་ཞོད་བྱུང་ཡང་ལོ་ཏོག་བསྡུ་རྒྱུ་ཡོད་པ། ཐོན་འབབ་མཐོ་པོ་དང་བརྟན་པོ་ཡོད་པ་བཅས་ཀྱི་དེང་རབས་ཅན་གྱི་ས་རྒྱུ་ལེགས་པའི་ཞིང་ཁ་བསྐྲུན་པ་དང་། རྨོ་ཞིང་ཚང་མ་ལོ་ལེགས་ཡོང་བའི་ཞིང་ས་གཤིན་པོར་འགྱུར་བར་བྱས་ཚེ། དུས་གང་དུའང་འབྲུ་རིགས་ཐོན་སྐྱེད་ཐུབ་པ་དང་། མཁོ་སྤྲོད་ཐུབ་པ། ཡག་ཤོས་མཁོ་འདོན་ཐུབ་པ་བཅས་བྱུང་ནས་ཀྲུང་གོ་བའི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་རྒྱུ་འགན་ལེན་ཐུབ་ངེས་རེད།