འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་26ཉིན།

༄༅།།ཧྥུའུ་ཅན་ཝུའུ་དབྱི་ཧྲན་གྱིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་ཐོན་ལས་
ཀྱི་རྨང་གཞི་བརྟན་དུ་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་26ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   2021ལོའི་ཟླ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་རྟོག་ཞིབ་གནང་སྐབས། ནན་ཕིང་ཝུའུ་དབྱི་ཧྲན་གྲོང་ཁྱེར་ཤིན་ཚུན་གྲོང་རྡལ་ཡན་ཙི་ཁྲའོ་སྐྱེ་ཁམས་ཇ་ཞིང་ར་བར་ཕེབས་ནས་དཔྱིད་ཀའི་ཇ་ལོ་སྐྱེ་ཚུལ་ལ་ལྟ་ཞིབ་གནང་བ་དང་ཆབས་ཅིག ས་གནས་དེ་གའི་ཇ་ལོའི་ཐོན་ལས་འཕེལ་རྒྱས་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས“ཇའི་རིག་གནས་དང་། ཇའི་ཐོན་ལས། ཇའི་ཚན་རྩལ་བཅས་ཀྱི་ལས་དོན་ཆེན་པོ་འདི་ཡག་པོ་སྒྲུབ་པར་སྤྱི་འདོམས་བྱས་ནས། ལྗང་མདོག་འཕེལ་རྒྱས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། སྤུས་རྟགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཚོང་གཉེར་འཁོར་རྒྱུག་གི་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ཏེ། གྲོང་གསེབ་དར་རྒྱས་གཏོང་བའི་ཐོན་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་པའི”ནན་བཤད་གནང་ཡོད།
   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཝུའུ་དབྱི་ཧྲན་གྲོང་ཁྱེར་གྱིས་ཇའི་རིག་གནས་དང་། ཇའི་ཐོན་ལས། ཇའི་ཚན་རྩལ་བཅས་ཀྱི་ལས་དོན་ཆེན་པོ་འདི་ཡག་པོ་སྒྲུབ་པར་སྤྱི་འདོམས་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་ཐོན་ལས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད། མིག་སྔར། གྲོང་ཁྱེར་ཡོངས་སུ་ཇ་ལོའི་འབྲེལ་ཡོད་ལས་ཀ་བྱེད་མཁན་ཁྲི་12ཙམ་ཡོད་པ་དང་ཇ་ལོའི་རིགས་ཀྱི་གཉེར་སྐྱོང་བྱེད་པོ་ཁྲི་2.11ཐོ་བཀོད་ཡོད། 2023ལོར། ཝུའུ་དབྱི་ཧྲན་གྲོང་ཁྱེར་གྱི་ཇ་ལོའི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་135ཟིན་པ་དང་། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཀྱི་བཅུ་ཆ་ལྔ་ཙམ་ཇ་ལོ་ལས་བྱུང་ཡོད་པ་རེད།
    ཆར་པ་སིམ་སིམ་ཞིག་བབས་རྗེས། ཝུའུ་དབྱི་ཧྲན་གྲོང་ཁྱེར་ཤིན་ཐེན་གྲོང་རྡལ་ཤིས་ཅའོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲང་ཅི་གོ་གྲོང་ཚོའི་རྒྱང་བསྒྲགས་ས་ཚིགས་སུ་ཡོང་ནས། ཁྱིམ་དུད་ཁག་ལ་མི་མངགས་ནས་ས་རྒྱུ་ལེགས་བཅོས་ཀྱི་པད་ཁའི་སོན་ལེན་པར་ཡོང་དགོས་པའི་བརྡ་ཐོ་བཏང་།
    “ཇ་ཞིང་བདག་སྐྱོང”ལས་དོན་ལོ་གཉིས་ལྷག་ཙམ་གྱི་གོང་སྤེལ་ཞིང་། 2021ལོའི་ཟླ་7པར། ཝུའུ་དབྱི་ཧྲན་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས“ཇ་གསུམ”སྤྱི་འདོམས་གསར་གཏོད་སྐུལ་འདེད་ལས་ཀའི་ཆེད་སྒྲུབ་ཚན་ཁག་བཙུགས་ནས་སྐྱེ་ཁམས་ཇ་ཞིང་ར་བ་འཛུགས་སྐྲུན་ཚོད་ལྟ་བྱེད་འགོ་ཚུགས་པ་དང་། ཤིས་ཅའོ་གྲོང་ཚོ་སྐྱེ་ཁམས་ཇ་ཞིང་ར་བའི་གཙོ་གནད་ཁྱབ་གདལ་གྲོང་ཚོར་གྱུར་ཡོད།

སྐྱེ་ཁམས་ཇ་ཞིང་ར་བར། དབྱར་དུས་སྲན་ཆེན་བཏབ་ནས་ཏན་རྒྱུ་ལེན་པ་དང་དགུན་དུས་པད་ཁ་བཏབ་ནས་ལིན་ཅཱ་ལེན་ཞིང་། ཤིས་ཅའོ་གྲོང་ཚོའི་ཇ་ལོ་འདེབས་མཁན་དབྱི་ཆི་ལུང་གིས“ཞིང་སྨན་དང་རྫས་ལུད་སྤྱོད་ཀྱི་མེད། ཐོན་འབབ་ཅུང་དམའ་པོ་ཡོད་མོད། འོན་ཀྱང་ཇ་ལོའི་སྤུས་ཀ་དེ་བས་ལེགས་པ་དང་བྲོ་བ་ཞིམ་པོ་འདུག་པས་བསྡུ་ཉོའི་རིན་གོང་བཅུ་ཆ་ལྔ་ལྷག་ཙམ་མཐོ་རུ་ཕྱིན་ཡོད”ཅེས་བརྗོད།
    ཡན་ཙི་ཁྲའོ་སྐྱེ་ཁམས་ཇ་ཞིང་ར་བར་སྐྱོད་སྐབས། ཇ་ཞིང་མུའུ་300ལྷག་ཙམ་སྔོ་ཐིང་ངེར་གནས་པ་དང་ཞིང་ནང་དུ་པད་ཁ་བཏབ་ཅིང་། “དཔྱིད་ཇའི་མངགས་ཐོ་སྔ་ས་ནས་ཁེངས་འདུག ཟླ་བཞི་པར་ཇ་ལོ་འཐུ་འགོ་ཚུགས་ཀྱི་ཡོད”ཅེས་ཇ་ལོ་འདེབས་མཁན་དབྱང་ཝུན་ཁྲུན་གྱིས་རེ་སྒུག་ཆེན་པོས་བརྗོད།
    ད་ཆ་ཡན་ཙི་ཁྲའོ་སྐྱེ་ཁམས་ཇ་ཞིང་ར་བའི་ཇ་ལོའི་སྤུས་ཀ་ལེགས་ཚད་ཇ་ཞིང་ར་བ་དཀྱུས་མ་ལས་30%ཙམ་མཐོ་རུ་ཕྱིན་ཡོད། ཝུའུ་དབྱི་ཧྲན་གྲོང་ཁྱེར་གྱིས་རིམ་རྩིས་བརྒྱབ་ན་རྒྱ་ཁྱོན་མུའུ་ཁྲི་ལྷག་ཙམ་ཟིན་པའི་སྐྱེ་ཁམས་ཇ་ཞིང་ར་བའི་དཔེ་སྟོན་ས་ཚིགས་བསྐྲུན་ནས་གྲོང་ཁྱེར་ཡོངས་ཀྱི་མུའུ་ཁྲི་14.8ཟིན་པའི་ཇ་རིར་སྐྱེ་ཁམས་ཇ་ཞིང་ར་བ་བསྐྲུན་པར་ཁྲིད་སྟོན་བྱས་ཡོད།
    ཤིང་ཐན་གྲོང་རྡལ་ནན་ཨན་གྲོང་ཚོའི་སྔོ་ཐིང་ཐིང་གི་ཇ་ཤིང་ཁྲོད་དུ་སྒམ་ཆུང་དཀར་པོ་ཞིག་མངོན་གསལ་དོད་པོ་ཡོད། “དེའི་ནང་འབུ་གཟར་འབུ་དམར་ཁྲ་སོགས་ཀྱི་ཕན་འབུ་ཡོད།
   ‘འབུ་ཡིས་འབུ་འགོག་པར’སྐྱེ་ཁམས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་འདུག”ཅེས་ནན་ཨན་གྲོང་ཚོར་བཅའ་སྡོད་ཚན་རྩལ་ཆེད་མངགས་པ་ཧྥན་ཝུན་ཤིང་གིས་བརྗོད་པ་དང་། ཁོང་གིས་གྲོང་ཚོའི་ཇ་ལོ་འདེབས་མཁན་ཚོར་དེ་སྔོན་ནད་དང་འབུའི་གནོད་འཚེ་ཕོག་མྱོང་ཡོད། “འབུ་ཡིས་འབུ་འགོག་པ”སོགས་ཀྱི་འགོག་བཅོས་བྱ་ཐབས་ཁྱབ་གདལ་བཏང་ཚུན་ཇ་ཞིང་ར་བའི་སྐྱེ་ཁམས་ལེགས་སུ་མངོན་གསལ་དོད་པོ་ཕྱིན་སོང་ཞེས་བརྗོད།
    ཝུའུ་དབྱི་ཧྲན་ཤང་ཅང་ཇ་ལས་ཚད་ཡོད་ཀུང་སིའི་འཁོར་ཁང་ཐོན་སྐྱེད་སྒྲུབ་རིམ་གྱི་མཇུག་སྣེར་མ་ལག་གཅིག་ཧ་ཅང་མངོན་གསལ་དོད་པོ་ཡོད་ཅིང་། ཀུང་སིའི་གཞུང་ལས་ཁང་གི་ཀྲུའུ་རེན་ཁྲེན་རུང་ཕིང་གིས“སྤུས་དག་ཇ་ལོ་ཚོར་ཆས་མ་ལག་ལ་བརྟེན་ནས་གདམ་གསེས་བྱེད་ཀྱི་ཡོད་པས་སྤུས་ཀ་ལེགས་སུ་ཕྱིན་པ་མ་ཟད། ལས་མིའི་ལས་ཀ་ཡང་སྟབས་བདེ་རུ་ཕྱིན་ཡོད”ཅེས་བརྗོད།
   མིག་སྔར། ཚན་རྩལ་ཐོན་རྫས་དེ་བས་མང་པོ་ཞིག་ཇ་ལོའི་ཐོན་སྐྱེད་ལ་སྤྱོད་བཞིན་ཡོད། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཝུའུ་དབྱིའི་ཇ་པ་ཏི་བཟོ་རྩལ་གྱི་རྒྱུན་འཛིན་པ་ཡིའུ་ཡུས་ཆུང་གིས་རང་གི་བུ་ཧྥང་ཀྲོའུ་དང་མཉམ་དུ་ཇ་བཟོའི་ལག་རྩལ་གྱི་དཔེ་དབྱིབས་བཟོས་པར་ཁེ་བེད་བདག་ཐོབ་མང་པོ་ཐོབ་ཡོད།
    2021ལོ་ཚུན་དུ་ནན་ཕིང་གྲོང་ཁྱེར་གྱིས་ཝུའུ་དབྱི་ཧྲན་རི་བོའི་ས་ཁོངས་གཙོ་གནད་དུ་བཟུང་ནས་ཚན་རྩལ་གྱི་ནུས་པར་བརྟེན་ཤུགས་ཆེ་རུ་བཏང་སྟེ། ཇའི་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་དང་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད། ནན་ཕིང་གྲོང་ཁྱེར་དུ་སྤུས་ལེགས་ཇ་ཤིང་ཁྱབ་ཚད་98%ཟིན་པ་དང་། ཇ་ལོའི་རིག་ནུས་ཅན་གྱི་ཐོན་སྐྱེད་སྒྲུབ་རིམ་ཁག་50བསྐྲུན་ནས་ཇའི་ཐོན་ལས་ཚད་གཞི་ཁག་19གསར་དུ་བཟོས་ཡོད།
    ཤིང་ཚུན་གྲོང་རྡལ་དུ་ཇའི་རིག་གནས་ཉམས་ལེན་ཁང་ཞིག་ཡོད་པ་དེས་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག་ཡོད། 2022ལོ་ནས་བཟུང་། ཉམས་ལེན་ཁང་གི་འགན་འཁུར་བ་ཡེ་ཚན་གྱིས་དྲ་རྒྱའི་ཐད་གཏོང་ཁང་བཙུགས་པ་དང་། ལྟ་མཁན་མང་ཤོས་སུ་དུས་གཅིག་ཏུ་མི་སྟོང་ཕྲག་ཁ་ཤས་ཡོད། 2023ལོའི་ཟླ་5པའི་ཐད་གཏོང་ཞིག་གི་ནང་ཐད་གཏོང་བྱེད་ཐེངས་གཅིག་ལ་ཇ་ལོ་སྒམ་ཆུང་ཆིག་སྟོང་ལྷག་ཙམ་བཙོངས་ཡོད།
    ཉེ་བའི་ལོ་ཤས་རིང་ཝུའུ་དབྱི་ཧྲན་གྲོང་ཁྱེར་གྱིས་ཀྲུང་ཧྭ་ཇ་ལོའི་སྟོན་ཚོགས་གླིང་དང་ཧྥུའུ་ལན་ཇ་སྟོན་གླིང་སོགས་ཀྱི་རིག་གནས་ཡུལ་སྐོར་རྣམ་གྲངས་སྔ་རྗེས་སུ་བཏོད་ནས་ཇའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།
   “ང་ཚོས་ཇའི་ཐོན་ལས་སྔར་བས་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་བ་དང་། ཇའི་ཐོན་ལས་མཉམ་འདུས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་ཇ་ལོར་བརྟེན་ནས་ཐོན་ལས་ལ་གྲུབ་འབྲས་ཐོབ་པ་དང་ཡུལ་ཕྱོགས་གཅིག་གི་མི་སེར་ཕྱུག་པོ་ཆགས་པར་བྱེད་ཀྱི་ཡིན”ཞེས་ནན་ཕིང་གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཝུའུ་དབྱི་ཧྲན་གྲོང་ཨུད་ཀྱི་ཧྲུའུ་ཅི་དབྱང་ཆིང་ཅན་གྱིས་བརྗོད་པ་རེད།