འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་26ཉིན།

༄༅།།སྡེ་ཚན་གཉིས་ཀྱིས་སྒོར་ཁྲི་4000སྔོན་ཚུད་ནས་བཏང་སྟེ་སི་ཁྲོན་དང་ཡུན་ནན་གྱིས་ནགས་ཚལ་མེ་སྐྱོན་
དང་ཐན་འགོག་གེགས་སེལ་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་26ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེ་སེལ་བའི་མ་དངུལ་སྒོར་ཁྲི་4000སྔོན་ཚུད་ནས་བཏང་སྟེ་ས་གནས་ཀྱི་གེགས་སེལ་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱས་པ་རེད། དེའི་ཁྲོད་སི་ཁྲོན་ཞིང་ཆེན་ལ་སྒོར་ཁྲི་2000བཏང་ནས་ནགས་ཚལ་མེ་སྐྱོན་གྱི་གེགས་སེལ་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱས་པ་དང་། ཡུན་ནན་ཞིང་ཆེན་ལ་སྒོར་ཁྲི་2000བཏང་ནས་ཐན་འགོག་གེགས་སེལ་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱས་ཤིང་། དངུལ་དེ་དག་གཙོ་བོ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཆུའི་དཀའ་ངལ་ཐག་གཅོད་བྱེད་པ་དང་། འཕྲལ་སྡོམ་ཆུ་གསོག་དང་། ཆུ་གཙང་བཟོ། ཆུ་མཁོ་འདོན་བཅས་ཀྱི་སྒྲིག་ཆས་ཉོ་བ་དང་བོགས་མར་ལེན་པ། མི་སྣ་སྒྲིག་འཛུགས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་ཆུའི་འགན་ལེན་སོགས་ལ་སྤྱོད་རྒྱུ་རེད