འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་26ཉིན།

༄༅།།ན་ནིང་གི“ཀྲུང་གོའི་ཉ་ལས་སྲིད་འཛིན་གྱི་རལ་གྲི་འཕྱར་བའི”ཆེད་དོན་ཁྲིམས་སྒྱུར་བྱ་སྤྱོད་རབ་དང་
རིམ་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

འབྲི་ཆུའི་ཆུ་འགོའི་ཆུ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སླར་གསོ་ཡག་པོ་ཡོང་བཞིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་26ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཞིང་ལས་དང་གྲོང་གསེབ་པུས་འཚོགས་པའི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ན་ནིང་རང་རྒྱལ་གྱིས་འབྲི་ཆུའི་རྒྱུད་དུ་ལོ་བཅུ་ཉ་རྒྱ་བསྡམས་པར་རྒྱུན་མཐུད་སྐུལ་འདེད་བཏང་ནས་འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་15སྒྲིག་འཛུགས་བྱས་ཏེ་ཆེད་དོན་ཁྲིམས་སྒྱུར་བྱ་སྤྱོད་སྤེལ་བ་དང་། རིམ་རྩིས་བྱས་ན་གྲུ་གཟིངས་ཐེངས་ཁྲི་15དང་མི་ཐེངས་ཁྲི་198བཏང་ནས་ཆུ་སྟེང་སྐོར་གཡེང་སྤྱི་ལེ་ཁྲི་550དང་སྐམ་སར་སྐོར་ཞིབ་སྤྱི་ལེ་ཁྲི་1000ལྷག་ཙམ་བྱས་ཏེ་ཁྱོན་གྱོད་གཞི་ཁྲི་2.74ཞིབ་བཤེར་ཐག་གཅོད་བྱས་པར་གྱོད་འབྲེལ་གྲུ་གཟིངས་2105ཞིབ་བཤེར་རྩད་ཆོད་ཐུབ་པ་དང་། གྱོད་འབྲེལ་མི་30644ཡོད་པ། “མེད་པ་གསུམ”གྱི་ཉ་གྲུ་5720མེད་པ་བཟོས་པ། ཁྲིམས་འགལ་གྱི་ཉ་འཛིན་ཡོ་ཆས་ཁྲི་12.4གཙང་བཤེར་བཅས་བྱས་ཡོད། དམ་བསྒྲགས་རྡུང་རྡེག་ཚ་ནན་བཏང་བ་བརྒྱུད། ཁྲིམས་འགལ་ངང་ཉ་འཛིན་མང་བའི་རྣམ་པ་བཀག་འགོག་ནུས་ལྡན་ཐུབ་པ་དང་འབྲི་ཆུའི་རྒྱུག་ཁུལ་གྱི་ཉ་རྒྱ་བསྡམས་པའི་སྒྲིག་ལམ་སྤྱིར་ན་བརྟན་པོ་བྱུང་ཡོད་པ་རེད།
    ཚོགས་འདུའི་ཐོག་ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ཡོངས་ནས་བལྟས་ཚེ། ཁོངས་མིའི་ཚན་པ་ཁག་གིས་མཉམ་འགུལ་བཅོས་སྒྲིག་དང་རྒྱུན་མཐུད་རྡུང་རྡེག་བཏང་བ་བརྒྱུད། ཉེ་བའི་ལོ་གཉིས་ནང་འབྲི་ཆུའི་ཆུ་འགོའི་ཁྲིམས་འགལ་ངང་ཉ་འཛིན་པའི་ཉེས་དོན་གྱོད་གཞིའི་གྲངས་འབོར་མངོན་གསལ་དོད་པོས་ཆག་པ་དང་། ལྷག་པར་དུ་ཚོགས་པ་ཅན་དང་། གཞི་ཁྱོན་ཅན། འཁོར་འབྲེལ་ཅན་བཅས་ཀྱི་ཁྲིམས་འགལ་ངང་ཉ་འཛིན་པའི་གྱོད་གཞི་ཆེ་གྲས་དང་ཧ་ཅང་ཆེ་གྲས་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད་པ་རེད།
    འདི་ལོ་འབྲི་ཆུར་ལོ་བཅུ་ཉ་རྒྱ་བསྡམས་པའི་ལོ་བཞི་པར་སླེབས་པ་དང“ལོ་བཅུའི་རིང་འབད་བརྩོན་བྱེད་པའི”འགོ་ཚུགས་ལོ་ཞིག་རེད། ཚོགས་འདུའི་ཐོག་ཆུ་སྐྱེས་སྐྱེ་དངོས་ཀྱི་ཐོན་ཁུངས་རྒྱུན་མཐུད་སླར་གསོ་བྱུང་བ་དང་ཆབས་ཅིག ཁྲིམས་འགལ་ངང་ཉ་འཛིན་མཁན་མང་དུ་འགྲོ་བའི་གནོན་ཤུགས་ཀྱང་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད། འདི་ལོར་ས་ཁོངས་སྒྲོལ་བ་དང་སྡེ་ཚན་སྒྲོལ་བའི་ཁྲིམས་སྒྱུར་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་སྒྱུར་ལས་སྟེགས་སྤེལ་རེས་དང་། ཐོན་ཁུངས་མཉམ་སྤྱོད། སྲིད་འཛིན་ཁྲིམས་སྒྱུར་དང་ཉེས་དོན་ཁྲིམས་འཛིན་སྦྲེལ་མཐུད་སོགས་ཀྱི་ཕུགས་ཕན་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། གཞི་རིམ་རྩ་འཛུགས་དང་། ཉ་སྲུང་བར་གཞོགས་འདེགས། སྐོར་གཡེང་བྱེད་པ་བཅས་ཀྱི་ནུས་པ་གང་ལེགས་བཏོན་ནས་དྲ་མིག་ཅན་གྱི་དོ་དམ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་ཆབས་ཅིག འབྲི་ཆུའི་ཉ་རྒྱ་བསྡམས་པའི་ཆེད་ལས་འཛིན་གྲྭའི་ཆེད་དོན་བྱ་སྤྱོད་འཆར་གཞི་དོན་འཁྱོལ་བྱས་ཏེ། གཙོ་གནད་ས་ཁོངས་དང་། མི་ཚོགས། གནས་ཡུལ། དངོས་རིགས་བཅས་ལ་དམིགས་ནས“གཙང་པོ་གཅིག་དང་། མཚོ་གཉིས། ཆུ་བོ་བདུན”བཅས་ཀྱི་འབྲེལ་མཚམས་ཆུ་ཁོངས་དང་འབྲི་ཆུའི་ཆུ་འགོའི་ཉ་རྒྱ་བསྡམས་པའི་དོ་དམ་ཁུལ་སོགས་མཉམ་འབྲེལ་ཁྲིམས་སྒྱུར་བྱ་སྤྱོད་ཆེ་གྲས་ལྔ་མུ་མཐུད་སྤེལ་ཏེ་ཐོག་མཐའ་བར་གསུམ་དུ་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱ་རྒྱུ་རེད།