འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་25ཉིན།

༄༅།།ས་འདི་རུ་ཉིན་11ལ་ངལ་གསོ་གཏོང་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་25ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་3ཚེས་22ཉིན། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཙོ་ཆེའི་དྲ་ཚིགས་ཐོག《ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གི་2024ལོའི“ཀྲོང་རིགས་ཀྱི་ཟླ་3ཚེས་3ཉིན”གྱི་ངལ་གསོའི་སྐོར་གྱི་བརྡ་ཐོ》སྤེལ་ནས། ཟླ་4ཚེས་11ཉིན་ནས་ཚེས་12ཉིན་བར་ངལ་གསོ་རྒྱུ་དང་། གཟའ་མཇུག་དང་མཐུད་ནས་ངལ་གསོ་བྱ་རྒྱུ་ཁྱབ་བསྒྲགས་བྱས། འོན་ཀྱང་། “ཀྲོང་རིགས་ཀྱི་ཟླ་གསུམ་པའི་ཚེས་གསུམ”དང་དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་ཉིན་སྔ་ཕྱི་ཡིན་པས། ཀོང་ཞི་རུ་སློབ་ཆེན་ཁ་ཤས་ཀྱིས་ཟླ་4ཚེས་4ནས་ཚེས་14བར་བསྟུད་མར་ཉིན་11ལ་ངལ་གསོ་རྒྱུའི་བརྡ་ཐོ་ཁྱབ་བསྒྲགས་བྱས་ཡོད།