འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་25ཉིན།

༄༅།།ཟླ་དང་པོ་དང་གཉིས་པར་རང་རྒྱལ་གྱི་ཁེ་ལས་ཀྱིས་འགན་བླངས་པའི་ཞབས་ཞུ་ཕྱིར་སྤྲོད་ཀྱི་གན་རྒྱའི་
དངུལ་འབོར་དུས་མཚུངས་ལས་2%འཕར་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་25ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་དང་པོ་དང་གཉིས་པར། རང་རྒྱལ་ཁེ་ལས་ཀྱིས་འགན་བླངས་པའི་ཞབས་ཞུ་ཕྱིར་སྤྲོད་ཀྱི་གན་རྒྱའི་དངུལ་འབོར་སྒོར་དུང་ཕྱུར་2649.9ཟིན་པ་དང་ལག་བསྟར་དངུལ་འབོར་སྒོར་དུང་ཕྱུར་1710ཟིན་པ་དེ་དུས་མཚུངས་ལས་ཁག་སོ་སོར་2%དང་5.9%འཕར་ཡོད་པ་རེད། དེའི་ནང་གྲུ་ཁ་དང་བྲལ་བའི་ཞབས་ཞུ་ཕྱིར་སྤྲོད་ཀྱི་གན་རྒྱའི་དངུལ་འབོར་སྒོར་དུང་ཕྱུར་1600.5ཟིན་པ་དང་ལག་བསྟར་དངུལ་འབོར་སྒོར་དུང་ཕྱུར་940ཟིན་པ་དེ་དུས་མཚུངས་ལས་ཁག་སོ་སོར་21.9%དང་4.2%འཕར་ཡོད་པ་རེད།
    ལས་སྒོའི་གྲུབ་ཆ་ནས་བལྟས་ན། ཟླ་དང་པོ་དང་གཉིས་པར། རང་རྒྱལ་གྱི་ཁེ་ལས་ཀྱིས་འགན་བླངས་པའི་གྲུ་ཁ་དང་བྲལ་བའི་ཆ་འཕྲིན་ལག་རྩལ་ཕྱིར་སྤྲོད(ITO)ལག་བསྟར་དངུལ་འབོར་སྒོར་དུང་ཕྱུར་373.7ཟིན་པ་དེ་དུས་མཚུངས་ལས་1.9%ཆག་པ་དང་། འགན་བླངས་པའི་གྲུ་ཁ་དང་བྲལ་བའི་ལས་སྒོའི་བརྒྱུད་རིམ་ཕྱིར་སྤྲོད(BPO)ལག་བསྟར་དངུལ་འབོར་སྒོར་དུང་ཕྱུར་172.6ཟིན་པ་དེ་དུས་མཚུངས་ལས་0.6%འཕར་བ། འགན་བླངས་པའི་གྲུ་ཁ་དང་བྲལ་བའི་ཤེས་བྱའི་བརྒྱུད་རིམ་ཕྱིར་སྤྲོད(KPO)ལག་བསྟར་དངུལ་འབོར་སྒོར་དུང་ཕྱུར་393.7ཟིན་པ་དེ་དུས་མཚུངས་ལས་12.6%འཕར་ཡོད་པ་རེད།
    རྒྱལ་སྤྱིའི་ཁྲོམ་ར་ནས་བལྟས་ན། ཟླ་དང་པོ་དང་གཉིས་པར། རང་རྒྱལ་གྱིས་འགན་བླངས་པའི་ཨ་རི་དང་ཡོ་རོབ་མནའ་འབྲེལ་གྱི་གྲུ་ཁ་དང་བྲལ་བའི་ཞབས་ཞུ་ཕྱིར་སྤྲོད་ལས་སྒོའི་འཕར་ཚུལ་མགྱོགས་པོ་རྒྱུན་འཁྱོངས་ཐུབ་ནས་ལག་བསྟར་དངུལ་འབོར་ཁག་སོ་སོར་སྒོར་དུང་ཕྱུར་227.1དང་སྒོར་དུང་ཕྱུར་144.3ཟིན་པ་དེ་དུས་མཚུངས་ལས་ཁག་སོ་སོར་16%དང་28.4%འཕར་ཡོད་པ་རེད།
    ཁེ་ལས་ཀྱི་ངོ་བོ་ནས་བལྟས་ན། ཟླ་དང་པོ་དང་གཉིས་པར། དམངས་གཉེར་ཁེ་ལས་ཀྱིས་འགན་བླངས་པའི་གྲུ་ཁ་དང་བྲལ་བའི་ཞབས་ཞུ་ཕྱིར་སྤྲོད་ཀྱི་ལག་བསྟར་དངུལ་འབོར་སྒོར་དུང་ཕྱུར་237.9ཟིན་པ་དེས་གྲུ་ཁ་དང་བྲལ་བའི་ཞབས་ཞུ་ཕྱིར་སྤྲོད་ཀྱི་ལག་བསྟར་བསྡོམས་འབོར་གྱི་25.3%བཟུང་ནས་དུས་མཚུངས་ལས་0.4%འཕར་ཡོད་པ་རེད།
    ལས་ཞུགས་བསྡུ་ལེན་ནས་བལྟས་ན། ཟླ་དང་པོ་དང་གཉིས་པར། ཞབས་ཞུ་ཕྱིར་སྤྲོད་ཀྱི་ལས་ཀ་བྱེད་མཁན་ཁྲི་17.6བསྡུས་པའི་ནང་སློབ་གྲྭ་ཆེ་མོ་བ་དང་དེ་བཞིན་དེ་ཡན་གྱི་སློབ་རྒྱུས་ལྡན་མཁན་ཁྲི་16.6ཡོད་པ་དེས་94.3%བཟུང་ཡོད་པ་རེད།