འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་25ཉིན།

༄༅།།ཟླ་གཉིས་པར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གྱི་ཆ་སྙོམས་མཁའ་རླུང་སྤུས་ཚད་ལེགས་པའི་
ཉིན་གྲངས་ཀྱི་བསྡུར་ཚད་81.8%ཟིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་25ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། སྐྱེ་ཁམས་ཁོར་ཡུག་པུས་2024ལོའི་ཟླ་2པའི་རྒྱལ་ཡོངས་ཀྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་སྟེ། རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་339ཡི་ཆ་སྙོམས་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་81.8%ཟིན་ནས་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.3ཆག་པ་དང་། PM2.5ཡི་ཆ་སྙོམས་གར་ཚད་སྨི་རྒྱ་དཔངས་གྲུ་བཞི་རེར་ཝེ་ཁེ་45ཟིན་ནས་དུས་མཚུངས་ལས་2.2%ཆག་པ། ཆ་སྙོམས་སྦགས་བཙོག་ཚབས་ཆེན་དང་དེ་ཡན་གྱི་ཉིན་གྲངས་ཀྱི་བསྡུར་ཚད་4.0%ཟིན་ནས་དུས་མཚུངས་ལས་བརྒྱ་ཆའི་གྲངས་2.3འཕར་བ། བྱེ་རླུང་འཚུབ་པའི་གནམ་གཤིས་ཀྱིས་རྐྱེན་པས་ཆ་སྙོམས་ཚད་གཞི་ལས་བརྒལ་བའི་ཉིན་གྲངས་ཀྱི་བསྡུར་ཚད་3.9%ཟིན་ཡོད་པ་རེད།