འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་25ཉིན།

༄༅།།རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གིས།《གྲངས་གཞི་རྒྱལ་སྒྲོལ་འཁོར་སྐྱོད་ལ་སྐུལ་འདེད་དང་ཚད་ལྡན་དུ་གཏོང་
རྒྱུའི་སྐོར་གྱི་གཏན་འབེབས》ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་25ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་22ཉིན། རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གིས《གྲངས་གཞི་རྒྱལ་སྒྲོལ་འཁོར་སྐྱོད་ལ་སྐུལ་འདེད་དང་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》(གཤམ་དུ《གཏན་འབེབས》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་ཏེ་ཁྱབ་བསྒྲགས་བྱས་པའི་ཉིན་དེ་ནས་བཟུང་ལག་བསྟར་བྱས་པ་རེད།
    རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས། གྲངས་གཞི་རྒྱལ་སྒྲོལ་འཁོར་སྐྱོད་བྱེད་པ་དེ་གོ་ལ་ཧྲིལ་པོའི་མ་དངུལ་དང་། ཆ་འཕྲིན། ལག་རྩལ། ཤེས་ལྡན་མི་སྣ། དངོས་ཟོག་སོགས་ཐོན་ཁུངས་ཀྱི་གཞི་རྒྱུ་བརྗེ་རེས་དང་མཉམ་སྤྱོད་ཀྱི་རྨང་གཞིར་གྱུར་ཡོད། གྲངས་གཞི་ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་ལ་སྐུལ་འདེད་དང་གྲངས་གཞི་གཞི་རྒྱུའི་རིན་ཐང་ཆེ་རུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་མོ་འབྱེད་རྒྱ་ཆེ་རུ་བཅས་གཏོང་ཆེད། 《གཏན་འབེབས》ནང་གྲངས་གཞི་རྒྱལ་སྒྲོལ་བདེ་འཇགས་ཚོད་སྐོར་དང་། མི་སྒེར་གྱི་ཆ་འཕྲིན་རྒྱལ་སྒྲོལ་ཚད་གཞིའི་གན་རྒྱ། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་བདེན་དཔང་ར་སྤྲོད་སོགས་ཀྱི་གྲངས་གཞི་རྒྱལ་སྒྲོལ་ལམ་ལུགས་ལེགས་སྒྲིག་བྱས་ཡོད།
    《གཏན་འབེབས》ནང་སྙན་ཞུའི་གྲངས་གཞི་རྒྱལ་སྒྲོལ་གྱི་བདེ་འཇགས་ཚོད་སྐོར་མེད་པ་བཟོ་བ་དང་། མི་སྒེར་གྱི་ཆ་འཕྲིན་རྒྱལ་སྒྲོལ་གྱི་ཚད་གཞིའི་གན་རྒྱ་འཇོག་པ། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་བདེན་དཔང་ར་སྤྲོད་ཐོབ་པའི་གྲངས་གཞི་རྒྱལ་སྒྲོལ་བཅས་ཀྱི་ཆ་རྐྱེན་གཏན་འབེབས་བྱས་པ་སྟེ། གཅིག་ནས་རྒྱལ་སྤྱིའི་ཚོང་དོན་དང་། རྒྱལ་སྒྲོལ་སྐྱེལ་འདྲེན། རིག་གཞུང་མཉམ་ལས། རྒྱལ་སྒྲོལ་ཐོན་སྐྱེད་བཟོ་སྐྲུན་དང་ཁྲོམ་རའི་ཚོང་གཉེར་སོགས་ཀྱི་བྱེད་སྒོའི་ཁྲོད་འཚོལ་བསྡུ་དང་ཐོན་པའི་གྲངས་གཞི་ཕྱི་རྒྱལ་དུ་མཁོ་འདོན་བྱེད་པ་དང་། མི་སྒེར་གྱི་ཆ་འཕྲིན་ལམ་ཡང་ན་གྲངས་གཞི་གལ་ཆེན་ཚུད་མེད་པ། གཉིས་ནས་ཕྱི་རྒྱལ་ནས་འཚོལ་བསྡུ་བྱས་པའི་མི་སྒེར་གྱི་ཆ་འཕྲིན་རྒྱལ་ནང་དུ་འདྲེན་ཏེ་ཐག་གཅོད་བྱས་རྗེས་ཕྱི་རྒྱལ་དུ་མཁོ་འདོན་བྱེད་པ་དང་། ཐག་གཅོད་བྱེད་རིང་རྒྱལ་ནང་གི་མི་སྒེར་གྱི་ཆ་འཕྲིན་ལམ་ཡང་ན་གཞི་གྲངས་གལ་ཆེན་ནང་འདྲེན་བྱས་མེད་པ། གསུམ་ནས་གན་རྒྱ་འཇོག་མཁན་དང་ལག་ལེན་བསྟར་མཁན་དེ་ཕྱོགས་གཅིག་གི་དོ་བདག་ཡིན་པའི་གན་རྒྱ་ཡིན་ཚེ་ཕྱི་རྒྱལ་ལ་མི་སྒེར་གྱི་ཆ་འཕྲིན་མཁོ་འདོན་བྱེད་དགོས་ངེས་རེད། བཞི་ནས་ཁྲིམས་ལྟར་ངལ་རྩོལ་སྒྲིག་སྲོལ་ལམ་ལུགས་བཟོས་པ་དང་ཁྲིམས་ལྟར་བཞག་པའི་ཐུན་མོང་གི་རྒྱལ་སྒྲོལ་མི་ཤུགས་ཐོན་ཁུངས་ཀྱི་དོ་དམ་ལག་ལེན་བསྟར་བའི་གན་རྒྱ་ཡིན་ཚེ་ཕྱི་རྒྱལ་ལ་ལས་བཟོ་མི་སྒེར་གྱི་ཆ་འཕྲིན་མཁོ་འདོན་བྱེད་དགོས་ངེས་རེད། ལྔ་ནས་ཛ་དྲག་གི་གནས་ཚུལ་འོག་སྤྱི་དམངས་ཀྱི་ཚེ་སྲོག་བདེ་ཐང་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད་ཕྱི་རྒྱལ་ལ་མི་སྒེར་གྱི་ཆ་འཕྲིན་མཁོ་འདོན་བྱེད་དགོས་ངེས་རེད། དྲུག་ནས་འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་གཉེར་སྐྱོང་བ་ཕུད་པའི་གྲངས་གཞི་ཐག་གཅོད་བྱེད་མཁན་གྱིས་ལོ་དེའི་ཟླ་1ཚེས་1ཉིན་ནས་བཟུང་ཕྱི་རྒྱལ་ལ་རིམ་རྩིས་བྱས་ན་མི་ཁྲི་10(ཚོར་སྐྱེན་མི་སྒེར་གྱི་ཆ་འཕྲིན་ཚུད་མེད་པ)ཙམ་གྱི་མི་སྒེར་གྱི་ཆ་འཕྲིནམཁོ་འདོན་བྱེད་དགོས་པ་བཅས་རེད།