འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་24ཉིན།

༄༅།།ཚོང་དོན་པུས་རྒྱལ་ཡོངས་ཀྱི་པར་གཞི་དང་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་པར་གཞིའི་རྒྱལ་སྒྲོལ་ཞབས་ཞུའི་
ཚོང་དོན་གྱི་བཀག་རྒྱའི་གསལ་ཐོ་ཁྱབ་བསྒྲཌ་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་24ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན། ཚོང་དོན་པུས་2024ལོའི་བཀའ་རྒྱ་དང་པོ་བཀྲམ་ནས《རྒྱལ་སྒྲོལ་ཞབས་ཞུའི་ཚོང་དོན་གྱི་དམིགས་བསལ་དོ་དམ་བྱ་ཐབས(བཀག་རྒྱའི་གསལ་ཐོ)》(2024ལོའི་པར་གཞི)དང《རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་རྒྱལ་སྒྲོལ་ཞབས་ཞུའི་ཚོང་དོན་གྱི་དམིགས་བསལ་དོ་དམ་བྱ་ཐབས(བཀག་རྒྱའི་གསལ་ཐོ)(2024ལོའི་པར་གཞི)ཁྱབ་བསྒྲགས་བྱས་པ་དེ་2024ལོའི་ཟླ་4ཚེས་21ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
   རྒྱལ་སྒྲོལ་ཞབས་ཞུའི་ཚོང་དོན་གྱི་བཀག་རྒྱའི་གསལ་ཐོ་དེ་རྒྱལ་དམངས་དཔལ་འབྱོར་ལས་རིགས་ཀྱི་དབྱེ་བ་ལྟར་གཅིག་གྱུར་ཐོག་མངའ་ཁོངས་ཕྱིའི་ཞབས་ཞུ་མཁོ་འདོན་བྱེད་མཁན་ལ་དམིགས་པའི་རྒྱལ་སྒྲོལ་བྱེད་ཐབས(རྒྱལ་སྒྲོལ་རྩིས་སྤྲོད་དང་། མངའ་ཁོངས་ཕྱིའི་འཛད་སྤྱོད། རང་བྱུང་མི་སྒུལ་བདེའི་བྱེད་སྟངས)ཐོག་ནས་ཞབས་འདེགས་ཞུ་བར་དམིགས་བསལ་དོ་དམ་བྱེད་ཐབས་བཟོས་ཡོད། རྒྱལ་ཡོངས་ཀྱི་པར་གཞིའི་རྒྱལ་སྒྲོལ་ཞབས་ཞུའི་ཚོང་དོན་གྱི་བཀག་རྒྱའི་གསལ་ཐོར་བསྡོམས་དོན་ཚན་ཁག་71ཡོད་པ་དང་། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་རྒྱལ་སྒྲོལ་ཞབས་ཞུའི་ཚོང་དོན་ལ་བཀག་རྒྱའི་གསལ་ཐོའི་དོ་དམ་ལམ་ལུགས་བཟོ་ཐེངས་དང་པོ་ཡིན་པ་དང་། དེའི་ནང་རྒྱལ་སྒྲོལ་ཞབས་ཞུའི་ཚོང་དོན་ཆོག་འཐུས་ཀྱི“གཞི་འཛིན་ས”ཁ་གསལ་བཟོས་ཡོད། རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་པར་གཞིའི་རྒྱལ་སྒྲོལ་ཞབས་ཞུའི་ཚོང་དོན་གྱི་བཀག་རྒྱའི་གསལ་ཐོར་བསྡོམས་དོན་ཚན་ཁག་68ཡོད་པ་དང་། དེའི་ནང་རང་བྱུང་མིའི་ལས་རིགས་ཐོབ་ཐང་དང་། ཆེད་ལས་ཞབས་ཞུ། དངུལ་རྩ། རིག་གནས་སོགས་ཁྱབ་ཁོངས་སུ་སྒོ་དབྱེའི་བཀོད་སྒྲིག་བྱས་ཡོད་པ་དང་རྒྱལ་སྒྲོལ་ཞབས་ཞུའི་ཁྱབ་ཁོངས་ཀྱི་སྒོ་མོ་འབྱེད་རྒྱ་གོ་རིམ་ལྡན་པའི་ངང་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།