འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་23ཉིན།

༄༅།།ཞི་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན། སྒྱུར་བཅོས་གསར་གཏོད་དང་དམ་པ་དོན་གཉེར་མཐའ་
འཁྱོངས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཧུའུ་ནན་གྱི་ལེའུ་ཧུར་ཐག་རྩོམ་དགོས།

ཚའེ་ཆི་རྟོག་ཞིབ་ལ་ལྷན་དུ་ཕེབས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་23ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཟླ་3ཚེས་18ཉིན་ནས་ཚེས་21ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་18ཉིན་གྱི་ཕྱི་དྲོར་ཞི་ཅིན་ཕིང་གིས་ཀྲུང་གོ་དང་འཇར་མན་གྱི་མ་རྩ་མཉམ་འཇོག་ཁེ་ལས་པཱ་སི་ཧྥུའུ་ཧྲན་ཧྲན་གློག་རྫས་རྒྱུ་ཆ་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་བཞིན་པ།
ཟླ་3ཚེས་18ཉིན་ནས་ཚེས་21ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་18ཉིན་གྱི་ཕྱི་དྲོར་ཞི་ཅིན་ཕིང་གིས་ཀྲུང་གོ་དང་འཇར་མན་གྱི་མ་རྩ་མཉམ་འཇོག་ཁེ་ལས་པཱ་སི་ཧྥུའུ་ཧྲན་ཧྲན་གློག་རྫས་རྒྱུ་ཆ་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་བཞིན་པ།
    ཤིན་ཧྭ་གསར་འགྱུར་ཁང་ཁྲང་ཧྲ་ནས་ཟླ་3ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་སྐབས། ཧུའུ་ནན་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཁྲོད་ཀྱི་རང་ངོས་ཀྱི་འཐབ་ཇུས་ངེས་གནས་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས། སྒྱུར་བཅོས་གསར་གཏོད་དང་དམ་པ་དོན་གཉེར་མཐའ་འཁྱོངས་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་གལ་ཆེན་གྱི་མཐོ་ས་དང་། ལྟེ་བའི་འགྲན་རྩོད་ནུས་པ་ལྡན་པའི་ཚན་རྩལ་གསར་གཏོད་ཀྱི་མཐོ་ས། སྐམ་སའི་དབུས་ཁུལ་གྱི་སྒྱུར་བཅོས་སྒོ་དབྱེའི་མཐོ་ས་བཅས་གཏོད་པར་རྒྱུན་མཐུད་ཤུགས་རྒྱག་པ་དང་། དབུས་རྒྱུད་ས་ཁུལ་དར་རྒྱས་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་དཔའ་ངར་ཆེར་སྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཧུའུ་ནན་གྱི་ལེའུ་ཧུར་ཐག་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།
    ཟླ་3ཚེས་18ཉིན་ནས་ཚེས་21ཉིན་བར། ཧུའུ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧྲེན་ཞའོ་མིང་དང་ཧྲེང་ཀྲང་མའོ་ཝུའེ་མིང་གི་ཕེབས་རོགས་འོག ཞི་ཅིན་ཕིང་ཁྲང་ཧྲ་དང་ཁྲང་ཏེ་སོགས་ལ་སྔ་རྗེས་སུ་ཕེབས་ནས་དེ་གའི་སློབ་གྲྭ་དང་། ཁེ་ལས། ལོ་རྒྱུས་རིག་གནས་ཁྲོམ་གཞུང་། གྲོང་གསེབ་སོགས་སུ་བརྟག་ཞིབ་གནང་བ་རེད།
    ཚེས་18ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཧུའུ་ནན་དགེ་འོས་སློབ་གླིང་དང་པོར(གྲོང་ལྷོའི་རིག་གནས་འཆད་ཉན་ཁང་གི་སློབ་ཁུལ)རྟོག་ཞིབ་གནང་བར་ཕེབས་པ་རེད། སློབ་གྲྭ་དེ་ནི་སྔོན་མ་སུང་རྒྱལ་རབས་སྐབས་སུ་བཙུགས་པའི་གྲོང་ལྷོའི་རིག་གནས་འཆད་ཉན་ཁང་ཡིན་ཞིང་། ཉེ་རབས་ཚུན་དུ་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་རྒན་རབས་དང་གྲགས་ཅན་དགེ་རྒན་ཁག་གཅིག་གསོ་སྐྱོང་བྱས་ཡོད། ཞི་ཅིན་ཕིང་གིས་གཞོན་ནུའི་དུས་ཀྱི་མའོ་ཙེ་ཏུང་བརྗོད་དོན་གཙོ་བོར་བྱས་པའི་འགྲེམས་སྟོན་ལ་གཟིགས་སྐོར་གནང་ནས་སློབ་གླིང་གི་འཕེལ་རིམ་དང་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཚུལ་སོགས་མཁྱེན་རྟོགས་གནང་བ་རེད། སློབ་གླིང་གི་ཚོམས་ཆེན་དུ། ཞི་ཅིན་ཕིང་གིས་དགེ་སློབ་ཀྱི་འཐུས་མི་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ཞིང་། ཁོང་གིས་རྒྱལ་ཁབ་སྟོབས་ཆེར་གཏོང་དགོས་ན་ངེས་པར་དུ་སློབ་གསོ་ཡག་པོ་གཉེར་དགོས། དགེ་འོས་སློབ་གླིང་དང་པོ་ནི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་ས་དང་གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་ས་ཡག་པོ་ཞིག་ཡིན་པས། གསར་བརྗེའི་ཐོན་ཁུངས་དེ་སྲུང་སྐྱོང་དང་བེད་སྤྱོད་ཡག་པོ་བྱེད་དགོས། སློབ་གྲྭས་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་དགོས་པ་དང་དགེ་རྒན་གྱིས་སློབ་དཔོན་ཆེ་མོ་ཡག་པོ་ཞིག་བྱེད་དགོས་པ་མ་ཟད། སློབ་མའི་ཤེས་བྱ་རིག་གནས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུར་སྣང་ཆེན་བྱེད་དགོས་ལ་དེ་བས་བསམ་བློ་ཆབ་སྲིད་སློབ་ཚན་ཡག་པོ་ཁྲིད་དེ། སློབ་མ་ཚོར་སྤྱོད་བཟང་ཁྲེལ་ཡོད་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་བརྟན་པོ་འཛུགས་པ། རྒྱལ་ཁབ་སྟོབས་ཆེན་དང་རྒྱལ་ཁབ་ཆེན་པོའི་ཕུགས་འདུན་བརྟན་པོ་འཛུགས་པ་བཅས་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་ཐུབ་མཁན་རྐང་འཛིན་མི་སྣར་ཧུར་ཐག་འགྱུར་བར་སློབ་གསོ་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།
    དེ་རྗེས། ཞི་ཅིན་ཕིང་པཱ་སི་ཧྥུའུ་ཧྲན་ཧྲན་གློག་རྫས་རྒྱུ་ཆ་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་བར་ཕེབས་པ་རེད། དེ་ནི་གཙོ་བོ་ལིས་གྱེས་རྡུལ་གློག་རྫས་ཕོ་སྣེའི་རྒྱུ་ཆ་ཞིབ་འཇུག་གསར་སྤེལ་དང་། ཐོན་སྐྱེད། ཕྱིར་ཚོང་བཅས་བྱེད་པའི་ཀྲུང་གོ་དང་འཇར་མན་གྱི་མ་རྩ་མཉམ་འཇོག་གི་ཁེ་ལས་ཤིག་རེད། ཞི་ཅིན་ཕིང་གིས་ས་གནས་དེ་གས་ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་མ་ཟད། ཁེ་ལས་ཀྱི་ཐོན་རྫས་འགྲེམས་སྟོན་ལ་གཟིགས་ཞིབ་དང་རྒྱུ་ཆའི་ནུས་པ་ཚད་ལེན་ཚོད་ལྟ་བྱས་ཚུལ་དང་གློག་རྫས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ལའང་མཁྱེན་རྟོགས་གནང་བ་རེད། ཁོང་གིས་ཚན་རྩལ་གསར་གཏོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཁེ་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་ནམ་ཡང་མི་ཕམ་པར་གནས་པར་བྱེད་པའི་འགག་རྩ་ཞིག་ཡིན་པས། དམངས་གཉེར་ཁེ་ལས་དང་མ་རྩ་མཉམ་འཇོག་ཁེ་ལས་ཀྱིས་དེའི་ཐད་བྱེད་རིན་ཆེན་པོ་ཡོད། ཀྲུང་གོས་སྒོ་མོ་འབྱེད་རྒྱ་ཇེ་ཆེར་གཏོང་རྒྱུ་ཡིན་པས་ང་ཚོས་འཛམ་གླིང་རྒྱལ་ཁབ་ཁག་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ལ། ཕྱི་རྒྱལ་གྱི་ཁེ་ལས་དེ་བས་མང་པོ་ཀྲུང་གོར་མ་འཇོག་དང་འཕེལ་རྒྱས་གཏོང་བར་ཡོང་རྒྱུར་དགའ་བསུ་ཞུ་གི་ཡིན་ཞེས་ནན་བཤད་གནང་བ་རེད།
    ཚེས་19ཉིན། ཞི་ཅིན་ཕིང་ཁྲང་ཏེ་གྲོང་ཁྱེར་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད། ཡོན་ཅང་གཙང་པོའི་ངོགས་སུ་གནས་པའི་ཁྲང་ཏེ་གཙང་པོའི་ཁྲོམ་གཞུང་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། 1943ལོའི་ཁྲང་ཏེ་གཡུལ་འགྱེད་ནང་གཏོར་སྐྱོན་ཕོག་ཡོད། ཉེ་བའི་ལོ་ཤས་རིང་། ཁྲང་ཏེ་གྲོང་ཁྱེར་གྱིས་ལའོ་ཧོ་ཁྲོམ་གཞུང་གི་རྣམ་པ་སླར་གསོ་བྱས་ནས་ས་ཆ་དེ་ཉིད་ལོ་རྒྱུས་རིག་གནས་ཀྱི་ཁྲོམ་གཞུང་ཞིག་ཏུ་བསྐྲུན་ཡོད། ཉིན་དེའི་སྔ་དྲོར། ཞི་ཅིན་ཕིང་ཁྲང་ཏེ་གཙང་པོའི་ཁྲོམ་གཞུང་དུ་ཕེབས་ནས་ཁྱད་ལྡན་ཟས་རིགས་སྣ་ཚོགས་དང་། ཡུལ་ཟོག ཁྱད་ལྡན་ལག་ཤེས་ཐོན་རྫས་བཅས་ལ་གཟིགས་ཞིབ་གནང་བ་དང་། ཚོང་ཁང་གི་སྦྱིན་བདག་དང་ཡུལ་སྐོར་བ་དང་བྱམས་བརྩེའི་སྤེལ་རེས་གནང་བ་མ་ཟད། མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་འགྲེམས་སྟོན་ལ་མྱོང་རོལ་གནང་ནས་ཁྲང་ཏེ་གྲོང་ཁུལ་རྙིང་པའི་ཁྲོམ་གཞུང་ཉམས་གསོ་བེད་སྤྱོད་དང་། གྲོང་ཁྱེར་འཆར་འགོད། ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཞི་ཅིན་ཕིང་གིས། སྣ་མང་ཕུན་སུམ་ཚོགས་ལ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་རིག་གནས་ལས་འོད་སྟོང་འཕྲོ་བའི་ཀྲུང་ཧྭའི་ཤེས་དཔལ་ཐུན་མོང་ཐོག་གྲུབ་ཡོད་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལའང་རམ་འདེགས་ཐུབ་ཡོད། ཁྲང་ཏེ་ནི་རིག་གནས་རྒྱུན་འཛིན་བྱེད་མཁན་ཡོད་པའི་ས་གནས་ཤིག་ཡིན་ཞིང་། འདི་གའི་སི་རྒྱུད་སྒྲ་སྙན་དང་། གཞས་གདངས་མཐོ་བའི་གཞས། ལས་གཞས་སོགས་གཞི་རྟེན་འོས་འཚམ་ཞིག་ལ་བརྟེན་ནས་རྒྱུན་འཛིན་དང་བེད་སྤྱོད་ཡག་པོ་གཏོང་དགོས་ལ་དུས་བསྟུན་འཕེལ་རྒྱས་ཡག་པོ་ཡོང་བའང་བྱེད་དགོས་ཞེས་གསུངས་པ་རེད།
    ཧུའུ་ནན་ནི་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཞིང་ཆེན་13གྱི་གྲས་ཤིག་ཡིན་ཞིང་། ཆུ་འབྲས་འདེབས་ཁྱོན་དང་སྤྱིའི་ཐོན་འབབ་ཚང་མ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ཉིན་དེའི་ཕྱི་དྲོར། ཞི་ཅིན་ཕིང་ཁྲང་ཏེ་གྲོང་ཁྱེར་ཏིང་ཁྲེང་ཆུས་ཤེ་ཅ་ཕུའུ་གྲོང་རྡལ་ཀང་ཀྲུང་ཕིང་གྲོང་ཚོར་ཕེབས་ནས་ས་གནས་དེ་གའི་འབྲུ་རིགས་ཐོན་སྐྱེད་ཀྱི་མུའུ་ཁྲིའི་ཕྱོགས་བསྡུས་དཔེ་སྟོན་ཁུལ་དུ་ལྗང་པ་འདེབས་གསོ་དང་དཔྱིད་རྨོད་དཔྱིད་གྲབས་ཀྱི་འཕེལ་རིམ་ལ་གཟིགས་ཞིབ་གནང་བ་དང་། ཞིང་ལས་དེང་རབས་ཅན་དུ་འགྱུར་བར་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བའི་གནས་ཚུལ་ངོ་སྤྲོད་གསན་པ་དང་འབྲེལ། འབྲུ་འདེབས་དུད་ཆེན་དང་། ཞིང་ལས་ལག་རྩལ་པ། གཞི་རིམ་གྱི་ལས་བྱེད་པ་བཅས་དང་མཉམ་དུ་འགྲོ་སོང་དང་ཡོང་འབབ་སོགས་རྩིས་གསལ་པོ་བསྐྱོན་པ་རེད། ཞི་ཅིན་ཕིང་གིས་རང་རྒྱལ་ལ་མི་འབོར་དུང་ཕྱུར་14ལྷག་ཙམ་ཡོད་པས་འབྲུ་རིགས་བདེ་འཇགས་ངེས་པར་དུ་ང་ཚོ་རང་ཉིད་ཀྱིས་འགན་ལེན་བྱེད་དགོས་པ་དང་ཀྲུང་གོ་བའི་ལྟོ་ཕོར་ནང་གཙོ་བོ་ཀྲུང་གོའི་འབྲུ་རིགས་བླུགས་དགོས། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ཡག་པོ་བྱེད་པ་དང་། གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་ལ་སྐུལ་འདེད་གཏོང་བ། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། སོན་བཟང་དང་། གོ་སྐབས་བཟང་པོ། བྱ་ཐབས་བཟང་པོ་བཅས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ། ལེགས་རྨོས་ཞིབ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འབྲུ་རིགས་མུའུ་རེའི་ཐོན་ཚད་དང་སྤུས་ཚད་སྔར་བས་མཐོ་རུ་བཏང་སྟེ་འབྲུ་རིགས་བཏབ་ནས་ཕྱུག་འགྱུར་ཐུབ་པ་བྱེད་དགོས་ལ། ཞིང་དུད་དེ་བས་མང་བ་དེང་རབས་ཅན་གྱི་ཞིང་ལས་ཆེན་པོ་འཕེལ་རྒྱས་གཏོང་བའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་ཞིང་ལས་དེང་རབས་ཅན་གྱི་ལམ་བུར་བརྟན་པོ་དང་ཏན་ཏིག་ངང་སྐྱོད་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་དེ་རྗེས་འབྲུ་འདེབས་དུད་ཆེན་ཏའེ་ཧུང་གི་ཁྱིམ་དུ་ཕེབས་ནས་ཞིང་འཕྲུལ་ཡོ་བྱད་དང་དཔྱིད་རྨོད་དངོས་ཟོག་གྲ་སྒྲིག་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་དང་འབྲེལ། གྲོང་ཚོའི་ཏང་དམངས་ཞབས་ཞུ་ལྟེ་གནས་སུ་ཕེབས་ནས་ས་གནས་དེས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་ཚུལ་དང་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་ཚུལ་སོགས་མཁྱེན་རྟོགས་གནང་བ་རེད། ཁོང་གིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ཏེ་དམག་དཔུང་ཧྲག་སྒྲུག་དང་ལས་ཁུངས་ཁུ་བསྡུ་བྱས་ནས་ལས་དོན་དེར་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད། ཁོང་གིས་གཞི་རིམ་ལས་བྱེད་པར་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་བཅོས་སྐྱོང་ཐད་ཇུས་ཤུགས་མཉམ་འདོན་བྱས་ནས་ཞིང་པ་མང་ཚོགས་ཀྱིས་ཁས་ལེན་པའི་ལས་རྗེས་ཟམ་མི་ཆད་པར་འཇོག་དགོས་པའི་ལྕག་སྐུལ་གནང་བ་རེད།
    ཞལ་གྱེས་སྐབས། གྲོང་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གམ་དུ་བཅར་ནས་དགའ་སྐྱེལ་ཞུས་པ་རེད། ཞི་ཅིན་ཕིང་གིས་བརྩེ་སེམས་ཟབ་མོས་ཚང་མར་ཏང་ཀྲུང་དབྱང་གིས“ཞིང་གསུམ”ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། སྲིད་ཇུས་ཀྱི་བྱ་ཐབས་ནུས་ལྡན་སྤྱད་དེ་མི་སེར་གྱི་དོ་ཁུར་དང་དགོས་མཁོར་ལན་བཏབ་ནས་གྲོང་གསེབ་དར་རྒྱས་ཀྱི་འཆར་གཞི་བཟང་པོ་མངོན་འགྱུར་ཡོང་བ་བྱེད་སྲིད་ཅེས་གསུངས་མ་ཐག་མང་ཚོགས་ཀྱི་དགའ་བསུའི་སྒྲ་དེ་གར་ཡུན་རིང་གྲགས་པ་རེད།
    ཚེས་21ཉིན་གྱི་སྔ་དྲོར་ཞི་ཅིན་ཕིང་གིས་ཧུའུ་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་པ་དང་ཧུའུ་ནན་གྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།
    ཞི་ཅིན་ཕིང་གིས་གསུངས་དོན། ཚན་རྩལ་གསར་གཏོད་ནི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་གཞི་རྒྱུ་གཙོ་བོ་རེད། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ལ་སྣེ་ཁྲིད་བྱེད་པའི་ཐད་འབད་བརྩོན་དེ་བས་ཆེན་པོ་བྱས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་དང་རང་འགུལ་ངང་འབྲེལ་མཐུད་བྱེད་པ་དང་རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་གསར་སྤེལ་སྒྲིག་གཞི་རྩེ་གྲ་ནང་འདྲེན་ཧུར་ཐག་བྱས་ཏེ་འགག་རྩའི་ཁྱབ་ཁོངས་ཀྱི་རང་རྟེན་གསར་གཏོད་ནུས་པ་ཆེ་རུ་གཏོང་དགོས་པ་དང་། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གནས་བབ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་འཁོར་འབྲེལ་དང་། ཐོན་ལས་འཁོར་འབྲེལ། མ་དངུལ་འཁོར་འབྲེལ། ཤེས་ལྡན་པའི་འཁོར་འབྲེལ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས་ཚན་རྩལ་གྲུབ་འབྲས་མགྱོགས་མྱུར་ངང་ཐོན་སྐྱེད་ནུས་ཤུགས་དངོས་ལ་བསྒྱུར་བར་སྐུལ་འདེད་གཏོང་དགོས། ལེགས་ལྡན་ཐོན་ལས་ལ་དམིགས་ཏེ་ཐོན་ལས་ཀྱི་རྨང་གཞི་བསྐྱར་སྐྲུན་དང་ལག་རྩལ་སྒྲིག་ཆས་གལ་ཆེན་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་རྒྱ་སྟོབས་མུ་མཐུད་ཆེ་རུ་གཏོང་བ། ཐོན་ལས་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་རིམ་པའི་ཐོན་ལས་ཁྱུ་ཚོགས་སྐྲུན་དགོས།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་གནད་དོན་གྱི་སྟོན་ཕྱོགས་སྔར་བས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཚོད་འཛིན་བཟོ་བའི་འགག་གནད་ཀྱི་གནད་དོན་དང་། འཕེལ་རྒྱས་ཀྱི་ཁོར་ཡུག་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་དཀའ་གནད། སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་འགལ་རྐྱེན་བཟོ་བའི་མདོ་གནད་དང་གླེང་མང་བའི་གནད་དོན་བཅས་ཐག་གཅོད་བྱེད་པར་ཤུགས་བརྒྱབ་ནས་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་བསལ་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ནུས་དང་གསོན་ཤུགས་ཟམ་མི་ཆད་པར་སྣོན་དགོས། ཧུའུ་ནན་གྱིས་སྒྱུར་བཅོས་མ་ལག་འདུས་གྲུབ་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ནང་དེ་བས་ལེགས་པའི་ངང་ཞུགས་པ། དབུས་རྒྱུད་ས་ཁུལ་དར་རྒྱས་གཏོང་བ་དང་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ནང་ཁྱོན་ཡོངས་ནས་མཉམ་འདྲེས་བྱེད་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་མཉམ་འདྲེས་གཏིང་ཟབ། ལམ་ལུགས་རྣམ་པའི་སྒོ་དབྱེ་གོམ་སྟབས་བརྟན་པོའི་ངང་རྒྱ་སྐྱེད་གཏོང་བ། རང་མོས་ཚོང་དོན་ཚོད་ལྟ་ཁུལ་ཚད་གཞི་མཐོ་པོས་འཛུགས་སྐྲུན་ཡག་པོ་བྱེད་པ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་མཉམ་ལས་གཏིང་ཟབ་ཀྱི་སྔོན་སྤེལ་ཁུལ་གཏོད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས།
    ཞི་ཅིན་ཕིང་གིས་གསུངས་དོན། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི“ཞིང་གསུམ”ལས་དོན་གྱི་སྤྱིའི་དམ་འཛིན་བྱ་གཞི་ཞིག་རེད། ཧུའུ་ནན་གྱིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་སྲུང་སྐྱོང་བྱེད་པའི་ལས་འགན་ལྕི་པོ་ཕྲག་ཏུ་ཁུར་ནས་ས་བོན་དང་རྨོ་ཞིང་གི་གཙོ་གནད་གཉིས་ལ་དམ་འཛིན་བྱས་ཏེ་འདེབས་འཛུགས་ལས་རིགས་དང་ཞིང་འཕྲུལ་གྱི་འགག་རྩའི་ལག་རྩལ་འགག་སྒྲོལ་བྱེད་མགྱོགས་སུ་གཏོང་དགོས། ཞིང་ལས་ཆེན་པོའི་ལྟ་བ་དང་ཟས་རིགས་ཆེན་པོའི་ལྟ་བ་མཐའ་འཁྱོངས་ཀྱིས་ཁྱད་ལྡན་ཞིང་ལས་དང་ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་འཕེལ་རྒྱས་ཧུར་ཐག་བཏང་ནས་ཞིང་ལས་ཐོན་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་རྫོང་ཁོངས་ཀྱི་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཙོ་རྒྱུ་ཕྱོགས་གཉིས་སུ་འཁོར་རྒྱུག་ཤར་བགྲོད་ཐུབ་པ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་བཀོད་སྒྲིག་ལ་སྤྱི་འདོམས་བཅས་བྱེད་དགོས། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་གོམས་སྲོལ་སྒྱུར་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་ཚུལ་སྐྱོང་བ་བཅས་ཟུང་དུ་འབྲེལ་བའི་གཞི་རིམ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས། དབུལ་ལོག་བཀག་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་བྱས་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཡོང་བའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཧུའུ་ནན་གྱིས་རིག་གནས་ཀྱི་འགན་འཁྲི་གསར་པ་དེ་བས་ལེགས་པའི་སྒོ་ནས་ཁུར་ཏེ་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་དར་སྤེལ་གཏོང་རིང་བྱས་རྗེས་གསར་པ་འཇོག་དགོས། གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། གསར་བརྗེའི་སྲོལ་རྒྱུན་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་གསར་བརྗེའི་ཁྲག་རྒྱུན་འཛིན་རྒྱུའི་ཁྲིད་སྟོན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་བ་བཅས་བྱས་ནས་དུས་རབས་ཀྱི་སྲོལ་གསར་དང་རྣམ་གསར་སྐྱེད་སྲིང་བྱེད་དགོས། རིག་གནས་དང་ཚན་རྩལ་མཉམ་འདྲེས་ཀྱི་ལམ་སྲོལ་འཚོལ་ཞིབ་ནུས་ལྡན་དང་རིག་གནས་ཀྱི་ལས་རྣམ་གསར་པ་འཕེལ་རྒྱས་མགྱོགས་སུ་བཏང་ནས་རིག་གནས་ཐོན་ལས་ཀྱི་འཕར་གཞི་གསར་པ་སྔར་ལས་མང་པོ་ཆགས་པར་བྱེད་དགོས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས་ཧུའུ་ནན་གྱི་ས་གཞི་ཆེན་པོའི་རི་སྔོ་ཆུ་དྭངས་དང་དགུང་སྔོན་ས་གཙང་སྲུང་སྐྱོང་ཡག་པོ་བྱས་ཏེ། རང་བྱུང་མཛེས་ལྗོངས་དང་མི་ཆོས་རིག་གནས་ཀྱི་ཉམས་འགྱུར་དེ་ཡུལ་སྐོར་ལས་རིགས་ཀྱི་ཡུན་གནས་རྣམ་པར་འགྱུར་བ་བྱེད་དགོས།
     ཞི་ཅིན་ཕིང་གིས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་དགོས་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་མུ་མཐུད་གཏིང་ཟབ་བྱེད་པ། གཞི་རིམ་གྱིས་ཁུར་པོ་ཇེ་ཡང་དུ་གཏོང་བ་བཅས་བྱེད་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་ནས་ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་རྟོགས། སྒྲིག་ཁྲིམས་གསལ་རྟོགས། སྒྲིག་ཁྲིམས་དམ་སྲུང་བཅས་བྱེད་པར་ཁྲིད་སྟོན་བྱེད་པ་དང་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་དབང་ཆའི་ལྟ་བ་འཛུགས་པར་ལྟ་སྐུལ་བྱས་ཏེ་དབང་ཆ་དྲང་གཞག་ངང་སྤྱོད་པ་དང་། ཁྲིམས་ལྟར་དབང་ཆ་སྤྱོད་པ། དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ། སྤྱོད་གཙང་ངང་དབང་ཆ་སྤྱོད་པ་བཅས་བྱེད་ཐུབ་པ་བྱེད་དགོས་ཞེས་བསྟན་གནང་བ་རེད།
    ཟླ་3ཚེས་20ཉིན་གྱི་སྔ་དྲོར་ཞི་ཅིན་ཕིང་གིས་ཁྲང་ཧྲ་རུ་ཁྲང་ཧྲ་རུ་བཅའ་སྡོད་དཔུང་སྡེའི་ཧྲང་ཞའོ་དམག་དཔོན་ཡན་གྱི་འགོ་ཁྲིད་ལས་བྱེད་པར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་ཁྲང་ཧྲ་རུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་འབྲེལ། ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད། ཀྲང་ཡིའུ་ཞ་མཇལ་འཕྲད་གནང་སྐབས་ལྷན་དུ་ཕེབས་པ་རེད།
ཟླ་3ཚེས་18ཉིན་ནས་ཚེས་21ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་19ཉིན་གྱི་ཕྱི་དྲོར་ཞི་ཅིན་ཕིང་གིས་ཁྲང་ཏེ་གྲོང་ཁྱེར་ཏིང་ཁྲེང་ཆུས་ཤེ་ཅ་ཕུའུ་གྲོང་རྡལ་ཀང་ཀྲུང་ཕིང་གྲོང་ཚོར་འབྲུ་འདེབས་དུད་ཆེན་དང་། ཞིང་ལས་ལག་རྩལ་པ། གཞི་རིམ་གྱི་ལས་བྱེད་པ་བཅས་དང་བྱམས་བརྩེའི་སྤེལ་རེས་གནང་བཞིན་པ།
ཟླ་3ཚེས་18ཉིན་ནས་ཚེས་21ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་19ཉིན་གྱི་ཕྱི་དྲོར་ཞི་ཅིན་ཕིང་གིས་ཁྲང་ཏེ་གྲོང་ཁྱེར་ཏིང་ཁྲེང་ཆུས་ཤེ་ཅ་ཕུའུ་གྲོང་རྡལ་ཀང་ཀྲུང་ཕིང་གྲོང་ཚོར་འབྲུ་འདེབས་དུད་ཆེན་དང་། ཞིང་ལས་ལག་རྩལ་པ། གཞི་རིམ་གྱི་ལས་བྱེད་པ་བཅས་དང་བྱམས་བརྩེའི་སྤེལ་རེས་གནང་བཞིན་པ།
ཟླ་3ཚེས་18ཉིན་ནས་ཚེས་21ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་20ཉིན་གྱི་སྔ་དྲོར་ཞི་ཅིན་ཕིང་གིས་ཁྲང་ཧྲ་རུ་བཅའ་སྡོད་དཔུང་སྡེའི་ཧྲང་ཞའོ་དམག་དཔོན་ཡན་གྱི་འགོ་ཁྲིད་ལས་བྱེད་པར་བྱམས་བརྩེའི་མཇལ་འཕྲད་གནང་སྟེ། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་ཁྲང་ཧྲ་རུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ།
ཟླ་3ཚེས་18ཉིན་ནས་ཚེས་21ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་20ཉིན་གྱི་སྔ་དྲོར་ཞི་ཅིན་ཕིང་གིས་ཁྲང་ཧྲ་རུ་བཅའ་སྡོད་དཔུང་སྡེའི་ཧྲང་ཞའོ་དམག་དཔོན་ཡན་གྱི་འགོ་ཁྲིད་ལས་བྱེད་པར་བྱམས་བརྩེའི་མཇལ་འཕྲད་གནང་སྟེ། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་ཁྲང་ཧྲ་རུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ།