འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་23ཉིན།

༄༅།།ཞི་ཅིན་ཕིང་གིས་ཕུའུ་ལཱ་པོ་ཝོ་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་གློག་འཕྲིན་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་23ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུའུ་ལཱ་པོ་ཝོ·སུའུ་པི་ཡན་ཏུའོ་ལ་གློག་འཕྲིན་བཏང་ནས་ཁོང་ཧིན་རྡུ་ཉི་ཞི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས་པ་རེད།
   ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་ནི་སྲོལ་རྒྱུན་གྱི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཡིན། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཚད་ཉིན་བཞིན་ཟབ་ཏུ་ཕྱིན་པ། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ། གཉིས་ཕན་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་བཅས་བྱུང་ནས་ཕྱོགས་གཉིས་པོས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་སྐྲུན་པའི་ལེའུ་གསར་པ་རྩོམ་འགོ་ཚུགས་ཡོད། ངས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། བདམས་ཐོན་བྱུང་བའི་ཙུང་ཐུང་ཕུའུ་ལཱ་པོ་ཝོ་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པར་ཁྲིད་སྟོན་བྱས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་ལས་དབང་གཅིག་མཐུན་དང་། མཐུན་སྒྲིལ་མཉམ་ལས། ཐུན་མོང་འཕེལ་རྒྱས་བཅས་ཀྱི་དཔེ་མཚོན་བཏོད་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་མང་བའི་བདེ་རྩ་བསྐྲུན་པ་དང་ས་ཁུལ་དང་གོ་ལ་ཧྲིལ་པོའི་དར་རྒྱས་བརྟན་ལྷིང་ཆེད་སྒུལ་ཤུགས་ཆེན་པོ་སྣོན་ཐུབ་པའི་རེ་བ་ཡོད།