འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་22ཉིན།

༄༅།།ལྐོག་རྔན་བླངས་པའི་འགོ་ཁྲིད་འདི་གཞུང་གཏུག་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་22ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉིན་ཤས་གོང་། དེ་སྔའི་མཚོ་སྔོན་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ལྷན་གྱི་ཀྲུའུ་རེན་ཡའོ་ལིན་ལ་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་གྱོད་གཞི་དེ། མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱིས་བརྟག་དཔྱད་མཇུག་བསྒྲིལ་ནས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་དང་ཞུ་གཏུག་བྱ་རྒྱུར་སྐྱེལ་བ་རེད། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་དོ་དམ་བདག་སྤྲོད་བྱེད་དབང་དམིགས་འཛུགས་བྱས་པ་བརྒྱུད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བྱས་པ་རེད། 
     ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་དང་ཁྲིམས་སྦྱོར་བྱེད་པའི་དུས་རིམ་དུ། བཅའ་ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་ཡའོ་ལིན་ལ་ཡོད་པའི་གཏུག་བཤེར་དབང་ཆ་གསལ་བཤད་བྱས་པ་མ་ཟད། ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་ལ་འདྲི་རྩད་བྱས་ཤིང་། དག་འབུད་བྱེད་མཁན་གྱི་བསམ་འཆར་ལ་ཡང་ཉན་འཇོག་བྱས་པ་རེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བྱས་དོན། 2011ལོ་ནས་2023ལོའི་བར། ཞུ་སྦྱོར་ཕྱི་མ་ཡའོ་ལིན་གྱིས་ཟི་ལིང་གྲོང་ཨུའི་རྒྱུན་ཨུ་དང་། ཟི་ལིང་(རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་སོགས་ལས་གནས་ཐོག་གི་སྟབས་བདེ་དང་། དེ་བཞིན་འགན་དབང་ལས་གྲུབ་པའི་སྟབས་བདེའི་ཆ་རྐྱེན་ལ་བརྟེན་ནས་མི་གཞན་ལ་ཁེ་ཕན་བསྒྲུབས་པ་དང་། ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་ནོར་བླངས་ཤིང་གྲངས་འབོར་ཤིན་ཏུ་ཆེ་བས། ཁྲིམས་ལྟར་ལྐོག་རྔན་བླངས་པའི་ཉེས་པ་བསགས་པར་བརྩིས་ནས་དེའི་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས།