འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་21ཉིན།

༄༅།།ཇོ་མོ་གླང་མར་ཡུལ་སྐོར་བ་ཇེ་མང་དུ་ཕྱིན་ཡོད།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་21ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཇོ་མོ་གླང་མར་ཡུལ་སྐོར་བ་ཇེ་མང་དུ་ཕྱིན་ཡོད།
     དཔྱིད་ཀྱི་དཔལ་ཡོན་བཞད་པས་ཇོ་རིའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བྱེད་མཁན་མང་དུ་ཕྱིན་ཡོད། ད་ལོ་ནས་བཟུང་དིང་རི་རྫོང་གིས་ཇོ་མོ་གླང་མའི་འཛམ་གླིང་གི་རི་བོ་མཐོ་ཤོས་ཀྱི་སྤུས་རྟགས་ཀྱི་མཚན་སྙན་དང་། མིང་བྱང་གི་ཕན་འབྲས་འདོན་སྤེལ་གང་ལེགས་བྱས་ནས། བློ་གཅིག་སེམས་གཅིག་ངང་ཡུལ་སྐོར་བར་ཞབས་འདེགས་ཞུ་བའི་འདུ་ཤེས་འཆང་སྟེ། མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་ཡུལ་སྐོར་བའི་མྱོང་ཚོར་ཟབ་ཏུ་བཏང་ཡོད། ད་ལོའི་ཟླ་དང་པོའི་ཚེས་1ཉིན་ནས་ཟླ་3ཚེས་14ཉིན་བར། ཁྱོན་ཡུལ་སྐོར་བ་མི་ཐེངས་52775སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་640ལྷག་བྱུང་ཡོད། དེ་ན་ནིང་གི་དུས་མཚུངས་ལས་སོ་སོར་53%དང་35%འཕར་ཡོད་པ་རེད།