འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་21ཉིན།

༄༅།།བོད་ཀྱིས་ལོ་ཏོག་གི་ནད་འབུའི་གནོད་འཚེ་འགོག་བཅོས་ཀྱི་ཆེད་དོན་བྱ་ཐབས་བཏོན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་21ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་བརྒྱུད། 《བོད་རང་སྐྱོང་ལྗོངས་ཀྱི་ལོ་ཏོག་གི་ནད་འབུའི་གནོད་འཚེ་འགོག་བཅོས་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)འདི་ལོའི་ཟླ་3ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། 《བྱ་ཐབས》དེར་ཁྱོན་དོན་ཚན་36ཡོད་ཅིང་། དེའི་རྒྱབ་ལྗོངས་དང་། སྤྱོད་ཡུལ། ལས་ཀའི་ལམ་སྲོལ་སོགས་ཀྱི་ཐད་དུས་སྐབས་གསར་པའི་ལོ་ཏོག་གི་ནད་འབུའི་གནོད་འཚེ་འགོག་བཅོས་ལས་དོན་གྱི་བརྒྱུད་རིམ་ཕྱོགས་ཡོངས་ནས་ཞིབ་ཚགས་སུ་བཏང་བ་དང་། དམིགས་ཡུལ་ནི་ལོ་ཏོག་གི་ནད་འབུའི་གནོད་འཚེ་འགོག་བཅོས་ཀྱི་ནུས་ལྡན་རང་བཞིན་ཆེ་རུ་གཏོང་བ་དང་། ལོ་ཏོག་གི་སྤུས་ཚད་བདེ་འཇགས་འགན་ལེན་བྱེད་པ། ཞིང་ལས་སྐྱེ་ཁམས་ཁོར་ཡུག་གི་སྦགས་བཙོག་ཉུང་དུ་གཏོང་བ་བཅས་བྱས་ནས་བོད་ཀྱི་ལོ་ཏོག་གི་ནད་འབུའི་གནོད་འཚེ་འགོག་བཅོས་ལས་དོན་ལ་འགན་ལེན་ནུས་ལྡན་བྱ་རྒྱུ་དེ་རེད།
     ནད་འབུའི་གནོད་འཚེ་འགོག་བཅོས་ཀྱི་ལྕག་སྐུལ་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱ་ཆེད།《བྱ་ཐབས》ནང་གསར་གཏོད་དང་། གཟེངས་བསྟོད། ཁ་གསབ་བཅས་ཀྱི་དོན་ཚན་ཆེད་མངགས་བཟོས་ཡོད་པ་དང་། གཞན་ཡང་ནད་འབུའི་གནོད་འཚེའི་མིང་གཞུང་དོ་དམ་ཞིབ་ཚགས་སུ་བཏང་ཡོད་པ་རེད།
     (བདེ་སྐྱིད་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)