འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་21ཉིན།

རང་རྒྱལ་གྱིས་སྐྲུན་བཞིན་པའི་ཉིང་གློག་འཕྲུལ་ཚན་26ཡོད་པ།

༄༅།།གྲངས་འབོར་གོ་ལ་ཧྲིལ་པོའི་ཨང་དང་པོ་རྒྱུན་འཁྱོངས་ཐུབ་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་21ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། “གོ་ལ་ཧྲིལ་པོར་རང་བདག་གི་ཆ་ཚང་བའི་ཉིང་རྡུལ་བཟོ་ལས་ཀྱི་ཐོན་ལས་འཁོར་འབྲེལ་ཡོད་པའི་རྒྱལ་ཁབ་ཉུང་ཤས་ཀྱི་གྲས་ཤིག་ཡིན་པའི་ངོས་ནས། རང་རྒྱལ་གྱི་ནང་སར་ད་ཡོད་ཀྱི་འཁོར་རྒྱུག་བྱེད་བཞིན་པའི་ཉིང་གློག་འཕྲུལ་ཚན་55ཡོད་པ་དེ་གོ་ལ་ཧྲིལ་པོའི་ཨང་གསུམ་པ་ཡིན་པ་དང་། སྐྲུན་བཞིན་པའི་ཉིང་གློག་འཕྲུལ་ཚན་26ཡོད་པ་ལས་གོ་ལ་ཧྲིལ་པོའི་ཨང་དང་པོ་རྒྱུན་འཁྱོངས་ཐུབ་ཡོད། 2022ལོ་དང་2023ལོར་ལོ་གཉིས་བསྟུད་མར་ལོ་ལྟར་ཉིང་གློག་འཕྲུལ་ཚན་10ལ་ཞིབ་བཤེར་ཆོག་མཆན་ཐོབ་ནས། ཉིང་གློག་འཛུགས་སྐྲུན་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཁོར་ལམ་ཐོག་སླེབས་ཡོད”ཅེས་ཀྲུང་གོ་ཉིང་རྡུལ་སློབ་ཚོགས་ཀྱི་ལས་འཛིན་དཔོན་ཝང་ཧྲོའུ་ཅུན་གྱིས་བརྗོད་པ་རེད།
   ཝང་ཧྲོའུ་ཅུན་གྱིས་ཟླ་3ཚེས་19ཉིན་འཚོགས་པའི་2024ལོའི་ཀྲུང་གོ་རྒྱལ་སྤྱིའི་ཉིང་རྡུལ་བཟོ་ལས་འགྲེམས་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གོང་གསལ་གྱི་སྐད་ཆ་དེ་བརྗོད་པ་རེད།