འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་21ཉིན།

༄༅།།ཀན་སུའུ་ཡིས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཁུར་པོ་ཡང་གཏོང་ལ་སྐུལ་འདེད་གཏོང་བའི་
ཇུས་གཞི་བཀྲམ་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་21ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ལན་ཀྲོའུ་ནས་ཟླ་3ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀན་སུའུ་ཞིང་ཨུད་སློབ་གསོ་ལས་དོན་ཨུ་ལྷན་དང་ཞིང་ཆེན་སློབ་གསོ་ཐིང་གིས《རང་བཤེར་དག་ཐེར་གཏིང་ཟབ་བྱས་ནས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཁུར་པོ་ཡང་གཏོང་གི་བཀོད་སྒྲིག་བླང་བྱར་རྒྱུན་མཐུད་སྐུལ་འདེད་གཏོང་བའི་ལས་དོན་ཇུས་གཞི》(གཤམ་དུ“ཇུས་གཞི”ཞེས་བསྡུ་རྒྱུ) བཟོས་ནས་བཀྲམ་ཞིང་། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཁུར་པོ་ཡང་གཏོང་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་རང་བཤེར་དག་ཐེར་བྱེད་པ་བརྒྱུད། “རང་བཤེར་ལ་བརྟེན་ནས་དག་ཐེར་ལ་སྐུལ་སྤེལ་དང་། རང་བཤེར་ལ་བརྟེན་ནས་ལེགས་གཏོང་ལ་སྐུལ་སྤེལ་གཏོང་བའི”ཕན་ནུས་ཐོན་པར་བྱས་ཏེ་ཁུར་པོ་ཡག་གཏོང་སྲིད་ཇུས་ཀྱི་བྱ་ཐབས་དོན་འཁྱོལ་བྱས་ནས་ནུས་པ་ཐོན་པར་སྐུལ་འདེད་བཏང་ཡོད།
   ཇུས་གཞིའི་ནང་བླང་བྱ་བཏོན་དོན། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཁུར་པོ་ཡང་གཏོང་ལས་དོན་གྱི་སྐུལ་འདེད་རྩིས་ཁྲ་བཟོས་ནས། ཀན་སུའུ་ཞིང་ཆེན་གྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཁུར་པོ་ཡང་གཏོང་གསལ་ཐོའི་བྱ་ཐབས་ཁག་20དང་བསྡུར་བ་དང་བཅོས་སྒྲིག་ནང་དོན་ཁག་དྲུག་གི་དོན་འཁྱོལ་རྩིས་ཐོར་དམིགས་ནས། ཟླ་རེ་བཞིན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་ལྷག་པའི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་བྱེད་པ་དང་འབྲེལ་ཡོ་བསྲང་བྱེད་དགོས། དུས་མཚུངས་སུ། སྤྱི་ཚོགས་ལ་ཕྱོགས་ནས་གནད་དོན་གྱི་ཁུངས་སྣེ་རྒྱ་ཁྱབ་ངང་འཚོལ་བསྡུ་དང་། མང་ཚོགས་ཀྱི“རྡོ་དོན་སྟོན་པའི”ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་སློབ་གྲྭའི“གདོང་ལེན”ནུས་པ་དང་སློབ་སྤྱི་དང་དགེ་རྒན་གྱི“སྣེ་ཁྲིད”ནུས་པ་གང་ལེགས་འདོན་པ། གནད་དོན་གྱི་ཁུངས་སྣེ་རྒྱ་ཁྱབ་ངང་འཚོལ་བསྡུ་བཅས་བྱས་ཏེ། ཁུར་པོ་ཡང་གཏོང་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་འཕྲལ་མར་ཐག་གཅོད་བྱས་ཐོག་བག་ཡངས་དང་དུས་བདེ་ཞོད་འཇགས་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་ཁོར་ཡུག་དང་སློབ་གྲྭའི་རྣམ་པ་ཞིག་སྔར་བས་བཏོད་དེ་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱིས་བློ་རྩེ་གཅིག་སྒྲིམ་ངང་སློབ་ཁྲིད་དང་སེམས་རྣལ་དུ་ཕབ་ནས་མི་སྣ་སྐྱོང་བའི་འགན་ལེན་བྱེད་དགོས།