འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་21ཉིན།

༄༅།།རྨ་སྟོད་རྫོང་རྨ་ཆུ་ཞང་གི་རྨ་ཆུའི་འགོ་ཁུངས་སུ་ཤྭ་སྐྱ་བརྒྱ་ལྷག་ཐོན་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་20ཉིན། 15:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྨ་སྟོད་རྫོང་རྨ་ཆུ་ཞང་གི་རྨ་ཆུའི་འགོ་ཁུངས་སུ་ཤྭ་སྐྱ་བརྒྱ་ལྷག་ཐོན་འདུག
   ཉེ་ཆར། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རྨ་ཆུ་ཞང་དུ་པར་བ་ཚོས་ཤྭ་སྐྱ་བརྒྱ་ལྷག་གིས“དཔྱིད་དཔལ་ལ་རོལ་བའི”རྣམ་པ་པར་དུ་བརྒྱབ་པར། སྐབས་འགར་ཕར་རྒྱུག་ཚུར་རྒྱུག་དང་སྐབས་འགར་མགོ་སྒུར་ནས་ལྟོ་འཚོལ་བ་སྟེ། ཧ་ཅང་བག་ཕེབས་ཀྱི་རྣམ་པ་མངོན་འདུག
   ཤྭ་སྐྱ་ནི་གྲེ་བ་ནས་མཆུ་ཏོའི་བར་སྐྱ་སྐྱ་ཡིན་པས་མིང་དེ་ལྟར་ཐོགས་པ་ཡིན་ལ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་རེད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་སྦྲགས། དེ་སྔ་མཐོང་དཀའ་བའི་རི་སྐྱེས་སྲོག་ཆགས་མང་པོ་མཐོང་རྒྱུ་བྱུང་ལ། ཤྭ་སྐྱ་དང་“ལམ་ཐུག”བྱུང་བ་དེའང་རྒྱུན་རྣམ་དུ་འགྱུར་བཞིན་ཡོད་པ་རེད།
【1】  【2】
༄༅།།རྨ་སྟོད་རྫོང་རྨ་ཆུ་ཞང་གི་རྨ་ཆུའི་འགོ་ཁུངས་སུ་ཤྭ་སྐྱ་བརྒྱ་ལྷག་ཐོན་འདུག