འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་20ཉིན།

༄༅།།ལྗར་པན་གྱིས་སྲིད་ཇུས་འདི་མེད་པར་བཟོས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་20ཉིན། 15:24】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་3ཚེས་19ཉིན། ལྗར་པན་ཀྲུང་དབྱང་དངུལ་ཁང་གིས་དུས་ཡུན་ཉིན་གཉིས་ཀྱི་དངུལ་ལོར་སྲིད་ཇུས་ཀྱི་ཚོགས་འདུ་མཇུག་བསྒྲིལ་ནས། ཀླད་ཀོར་མན་གྱི་སྐྱེད་ཀའི་སྲིད་ཇུས་མེད་པར་བཟོ་རྒྱུའི་ཐག་བཅད་པ་རེད། ལྗར་པན་ཀྲུང་དབྱང་དངུལ་ཁང་གིས་སྲིད་ཇུས་ཀྱི་སྐྱེད་ཚད་དེ་0%ནས་0.1%བར་གཏན་འཁེལ་བྱ་རྒྱུ་ཡིན་ཞིང་། འདི་ནི་ལྗར་པན་ཀྲུང་དབྱང་དངུལ་ཁང་གིས་2007ལོའི་ཟླ་2པ་ཚུན་ལོ་17སོང་རྗེས་ཐེངས་དང་པོར་སྐྱེད་ཀ་མཐོ་རུ་བཏང་བ་དེ་རེད།  
     ལྗར་པན་གྱིས་2016ལོའི་ཟླ་2པ་ནས་བཟུང་། ཀླད་ཀོར་མན་གྱི་སྐྱེད་ཀའི་སྲིད་ཇུས་ལག་ལེན་བསྟར་ཞིང་། སྐབས་དེ་དུས་ལྗར་པན་ཀྲུང་དབྱང་དངུལ་ཁང་གིས་ཚོང་ལས་དངུལ་ཁང་གི་བཅད་གྲངས་ལས་བརྒལ་བའི་གྲ་སྒྲིག་བཅོལ་དངུལ་གྱི་སྐྱེད་ཚད་དེ་གོང་གི་0.1%ནས་-0.1%བར་བཅག་ཡོད་པ་རེད།