འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་20ཉིན།

༄༅།།ནགས་ཚལ་ལ་མེ་ཤོར་བ་ཚང་མ་བསད་ཟིན།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་20ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     གསར་འགོད་པས་ཡུན་ནན་ཞིང་ཆེན་ཏ་ལི་པའེ་རིགས་རང་སྐྱོང་ཁུལ་དབྱང་པའེ་དབྱི་རིགས་རང་སྐྱོང་རྫོང་སྲིད་གཞུང་གི་གསར་འགྱུར་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་3ཚེས་19ཉིན་གྱི་ཆུ་ཚོད་11བར། དབྱང་པའེ་རྫོང་ཚང་ཧྲན་ཞི་གྲོང་རྡལ་འོད་ཟེར་གྲོང་ཚོའི་ཅེ་ཚི་ཕིང་ཚོ་ཆུང་དུ་ནགས་ཚལ་ལ་མེ་ཤོར་བ་ཚང་མ་བསད་ཟིན་ཞིང་། མི་སྣ་ཤི་རྨས་ཀྱི་གནས་ཚུལ་བྱུང་མེད་པ་རེད། 
     ནགས་ཚལ་གྱི་མེ་སྐྱོན་འདི་ནི་ཟླ་3པའི་ཚེས་18ཉིན་གྱི་དུས་ཚོད་16ཡས་མས་སུ་བྱུང་བ་རེད། མེ་གང་མགྱོགས་གསོད་ཆེད། ཁུལ་དང་རྫོང་གིས་རིམ་རྩིས་བརྒྱབ་ན་མི་850ལྷག་ཙམ་མེ་གསོད་དུ་བཏང་བ་རེད། མེ་ཤོར་རྐྱེན་བརྟག་དཔྱད་བྱེད་བཞིན་པའི་སྒང་རེད།