འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་20ཉིན།

༄༅།།མཚོ་སྔོན་དུ་མི་ཁྲི་རེར་གསར་གཏོད་ཁེ་བེད་བདག་ཐོབ་5.12རེ་ཡོད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་20ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་གིས《མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”ཚན་རྩལ་གསར་གཏོད་འཆར་འགོད》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)ལག་བསྟར་བྱས་པར་དུས་འབྲིང་གི་ཚོད་སྐོར་བྱས་ཚུལ་བརྡ་ཁྱབ་བཏང་ཞིང་། 2023ལོའི་ལོ་མཇུག་བར་མཚོ་སྔོན་གྱི་ལས་ཞུགས་པ་ཁྲི་རེའི་ཁྲོད་དུ་ཞིབ་འཇུག་གསར་སྤེལ་བ་38.23དང་མི་ཁྲི་རེར་གསར་གཏོད་ཁེ་བེད་བདག་ཐོབ་5.12རེ་དང་། མཐོ་གསར་ལག་རྩལ་ཁེ་ལས་280 རྒྱལ་ཁབ་རིམ་པའི་གསར་གཏོད་ལས་སྟེགས་63 སྤྱི་དམངས་ལ་ཚན་རིག་བྱང་ཚད་ལྡན་པའི་བསྡུར་གྲངས་7.57%བཅས་ཟིན་ཡོད།
     《འཆར་འགོད》ནང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་ཚན་རྩལ་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ས་མཐོའི་ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱེད་རྒྱུ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་དམངས་ལ་བདེ་སྐྱིད་སྐྲུན་ཤུགས་ཆེ་རུ་གཏོང་རྒྱུ། ཚན་རིག་གི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་བཀོད་སྒྲིག་བྱེད་རྒྱུ་བཅས་གཙོ་གནད་ཁ་ཕྱོགས་4ལ་དམིགས་ནས་ཚན་རྩལ་གྱི་ཆེད་དོན་རྣམ་གྲངས་གལ་ཆེན་15གཏན་འཁེལ་བྱས་ཡོད་ཅིང་། ཚན་རྩལ་གསར་གཏོད་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་དང་སྣེ་ཁྲིད་བྱེད་རྒྱུ་རེད། དེའི་ནང“མཚོ་སྔོན་ཞིང་ཆེན་གྱི་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་འགག་རྩའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་དཔེ་སྟོན་ཁུལ་འཛུགས་སྐྲུན”རྣམ་གྲངས་ལ་བརྟེན་ནས། མཚོ་སྔོན་ཞིང་ཆེན་གྱིས“ཐཱན་གཉིས”ཀྱི་དམིགས་ཚད་མངོན་འགྱུར་བྱེད་ཐབས་དང་འགྲོ་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་གྱི་ཐབས་ཇུས་ལ་སྐུལ་འདེད་གཏོང་ཆེད་ཚན་རིག་དང་མཐུན་པའི་དཔྱད་གཞི་མཁོ་འདོན་བྱས་ཡོད། འབྲི་གཡག་དང་བོད་ལུག་གི་ཐོན་ཁུངས་ལ་ཞིབ་འཇུག་དང་། སྔོག་འདོན། བེད་སྤྱོད་བཅས་གཏིང་ཟབ་པོ་དང་འབྲི་གཡག་དང་བོད་ལུག་གི་རྒྱུད་སྤེལ་ལག་རྩལ་གསར་གཏོད་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ནང་འདྲེན་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད།