འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་19ཉིན།

༄༅།།ཆུའེ་ཆའོ་ཨང་གཉིས་པའི་འགན་སྒྲུབ་སྲུང་སྐར་གྱི་སྐར་མདའི་སྡེབ་སྒྲིག་ཕུང་པོ་འཕེན་གཏོང་ཁུལ་དུ་ཐད་
འཕྱང་བརྒྱུད་འདྲེན་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་19ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་ཟླ་3ཚེས་17ཉིན། ཟླ་དཔྱད་ལས་གཞིའི་དུས་ཐེངས་བཞི་པའི་ཆུའེ་ཆའོ་ཨང་གཉིས་པའི་བར་མཐུད་སྲུང་སྐར་དང་རྒྱང་སྐྱོད་ཨང་བརྒྱད་པའི་རྒྱང་ཚོར་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་སྡེབ་སྒྲིག་ཕུང་པོ་འཕེན་གཏོང་ཁུལ་དུ་དབོར་བཞིན་པ།

   རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ནས་གནས་ཚུལ་སྤེལ་བར། ཟླ་3ཚེས་17ཉིན། ཟླ་དཔྱད་ལས་གཞིའི་དུས་ཐེངས་བཞི་པའི་ཆུའེ་ཆའོ་ཨང་གཉིས་པའི་བར་མཐུད་སྲུང་སྐར་དང་རྒྱང་སྐྱོད་ཨང་བརྒྱད་པའི་རྒྱང་ཚོར་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཀྲུང་གོའི་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱ་ཡུལ་དུ་ལག་རྩལ་ཁུལ་གྱི་འབྲེལ་ཡོད་ལས་དོན་ལེགས་པར་བསྒྲུབས་ནས་སྐར་མདའི་སྡེབ་སྒྲིག་ཕུང་པོ་འཕེན་གཏོང་ཁུལ་དུ་དབོར་བ་དང་། ཉེ་ཆར་གོ་སྐབས་བཙལ་ཏེ་འཕེན་གཏོང་བྱ་རྩིས་ཡོད་པ་རེད།