འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་19ཉིན།

༄༅།།ཟླ་དང་པོ་དང་གཉིས་པར་མྱུར་སྐྱེལ་ལས་སྒོའི་ལས་འབོར་དུས་མཚུངས་ལས་23.7%ཙམ་འཕར་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་19ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    གྲངས་གཞི་གསར་པ། ལྟ་ཚུལ་གསར་པ།
   འདི་ལོའི་ཟླ་དང་པོ་དང་གཉིས་པའི་མྱུར་སྐྱེལ་ལས་སྒོའི་ལས་འབོར་དུས་མཚུངས་ལས་23.7%ཙམ་འཕར་བ་དང་ལས་སྒོའི་ཡོང་འབབ་དུས་མཚུངས་ལས་13.5%ཙམ་འཕར་ཡོད།
    མྱུར་སྐྱེལ་འཕེལ་རྒྱས་སྟོན་གྲངས་329.6ཟིན་པ་དེ་དུས་མཚུངས་ལས་26.7%འཕར་ཡོད།
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་འདི་ལོའི་ཟླ་དང་པོ་དང་གཉིས་པའི་རང་རྒྱལ་གྱི་མྱུར་སྐྱེལ་ལས་རིགས་ཀྱི་འབྲེལ་ཡོད་གྲངས་གཞི་ཁྱབ་བསྒྲགས་བྱས་པ་སྟེ། མྱུར་སྐྱེལ་ལས་སྒོའི་ལས་འབོར་དུས་མཚུངས་ལས་23.7%ཙམ་འཕར་བ་དང་ལས་སྒོའི་ཡོང་འབབ་དུས་མཚུངས་ལས་13.5%ཙམ་འཕར་ཡོད། ཚད་ལེན་ཞིབ་རྩིས་བརྒྱབ་པར་གཞིགས་ན། ཟླ་དང་པོ་དང་གཉིས་པར་རང་རྒྱལ་གྱི་མྱུར་སྐྱེལ་འཕེལ་རྒྱས་སྟོན་གྲངས་329.6ཟིན་པ་དེ་དུས་མཚུངས་ལས་26.7%འཕར་ཡོད། 
   འདི་ལོའི་ཟླ་དང་པོར་ལོ་གསར་གྱི་མཁོ་ཆས་འཛད་སྤྱོད་བྱེད་མང་དུ་སོང་བ་དང་ལས་རིགས་མགྱོགས་མྱུར་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས་ལས་སྒོའི་ལས་འབོར་དུང་ཕྱུར་147ལེགས་གྲུབ་ཟིན་པ་དང་། ཉིན་རེར་ཆ་སྙོམས་ལས་སྒོའི་ལས་འབོར་དུང་ཕྱུར་4.7ལྷག་ཙམ་ཟིན་ཡོད། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་མྱུར་སྐྱེལ་ལས་སྒོའི་ལས་འབོར་དུང་ཕྱུར་10.79ལེགས་སྒྲུབ་བྱས་པ་དང་། དུས་ཆེན་རྗེས་ཀྱི་ཁྲོམ་རའི་གཞི་ཁྱོན་མགྱོགས་མྱུར་ཆེ་རུ་ཕྱིན་པ། ལས་རིགས་རིམ་བཞིན་རྒྱུན་གཏན་ཅན་གྱི་འཁོར་རྒྱུག་ཐུབ་པ། ཉིན་རེར་ཆ་སྙོམས་ལས་སྒོའི་ལས་འབོར་དུང་ཕྱུར་4ལྷག་ཙམ་ཟིན་ཡོད་པ་རེད།
    ཟླ་དང་པོ་དང་གཉིས་པར་གཙོ་གནད་ས་ཁུལ་དུ་ཆུ་ཚོད་72རིང་ཅ་དངོས་དུས་ཐོག་ཏུ་སྐྱེལ་ཚད་73.3%ཟིན་ནས་མྱུར་སྐྱེལ་ཞུ་གཏུག་བྱེད་ཚད་མངོན་གསལ་དོད་པོས་ཆག་ཡོད། ལས་རིགས་དེས་མཁའ་ཐོག་སྐྱེལ་འདྲེན་དང་། གྲང་ཕྲེང་། རྒྱལ་མཚམས་སྒྲོལ་བ་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་རྒྱལ་ནང་དང་རྒྱལ་སྤྱིའི་མྱུར་སྐྱེལ་ཐབས་ལམ་རྒྱ་ཆེར་བཏང་ཡོད་པ་རེད།