འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་17ཉིན།

༄༅།།《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་17ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ། ཏང་ཆེན་པོ་ཁོ་ནར་འཕྲད་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་དུས་དང་རྣམ་པ་ཀུན་ཏུ་མཐའ་འཁྱོངས་བྱས་ནས་ཏང་གི་རང་ངོས་གསར་བརྗེ་རླབས་པོ་ཆེ་མཐར་ཕྱིན་པ་བྱེད་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་16ཉིན་དཔེ་སྐྲུན་བྱེད་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་དྲུག་པར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཏང་ཆེན་པོ་ཁོ་ནར་འཕྲད་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་དུས་དང་རྣམ་པ་ཀུན་ཏུ་མཐའ་འཁྱོངས་བྱས་ནས་ཏང་གི་རང་ངོས་གསར་བརྗེ་རླབས་པོ་ཆེ་མཐར་ཕྱིན་པ་བྱེད་དགོས》ཞེས་པ་བཀོད་ཡོད་པ་རེད།
     རྩོམ་ཡིག་ནང་ནན་བཤད་བྱས་དོན། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་སྔོན་ལ་ཏང་སྐྱོང་དགོས་པ་དང་ཏང་དར་རྒྱས་བྱུང་ན་གཞི་ནས་རྒྱལ་ཁབ་སྟོབས་ཆེར་འགྲོ་ཐུབ། ཏང་གི་ཚོགས་ཆེན་ཉི་ཤུ་པས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལོ་བཅུའི་དཀའ་སྤྱད་འབད་འཐབ་ཀྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཕྱོགས་སྡོམ་གཏིང་ཟབ་བྱས་ཏེ། ཏང་ཡོངས་ལ་ཏང་ཆེན་པོ་ཁོ་ནར་འཕྲད་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་དུས་དང་རྣམ་པ་ཀུན་ཏུ་མཐའ་འཁྱོངས་བྱེད་དགོས་པའི་བླང་བྱ་སྔར་ལས་ལྷག་པར་བཏོན་ཡོད། འདི་ནི་རང་རེའི་ཏང་གིས་གནས་སའི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་། ཕྲག་ཏུ་ཁུར་བའི་འགན་འཁྲི་དང་ལས་འགན། འཕྲད་པའི་རྙོག་འཛིང་ཆེ་བའི་ཁོར་ཡུག་བཅས་ནས་འགོ་བརྩམས་ཏེ། ཏང་གི་རྩ་བའི་ངོ་བོ་དང་ཏང་གི་གནས་ཚུལ་དང་འཕོ་འགྱུར་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་བཏོན་པའི་བརྗོད་གཞི་གལ་ཆེན་གསར་པ་ཞིག་རེད།
     རྩོམ་ཡིག་ནང་བསྟན་དོན། རང་རེའི་ཏང་ནི་མར་ཁེ་སི་རིང་ལུགས་ཀྱི་ཏང་འཛུགས་གཞུང་ལུགས་ཀྱི་མཛུབ་ཁྲིད་འོག་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལྟར་བཙུགས་པའི་འཛམ་གླིང་ཐོག་གི་སྲིད་ཏང་ཆེ་ཤོས་ཤིག་རེད། འཛམ་གླིང་ཐོག་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཏུ་ཡུན་རིང་སྲིད་སྐྱོང་བ་དང་། ལོ་རྒྱུས་རིང་ལ་མི་འབོར་མང་བ་དང་གཞི་ཁྱོན་ཆེ་བས་དོན་དག་ཆེན་པོ་སྒྲུབ་པ་དང་བྱ་གཞག་རླབས་པོ་ཆེ་གཏོད་པའི་ལེགས་ཆ་ཤིན་ཏུ་ཆེན་པོ་ལྡན་ཡོད་ལ་ཏང་སྐྱོང་བ་དང་རྒྱལ་ཁབ་སྐྱོང་བར་དམིགས་བསལ་གྱི་དཀའ་གནད་ཀྱང་འཕྲད་བཞིན་ཡོད་ཅིང་། མ་མཐར་ཡང་གཤམ་གསལ་གྱི་དཀའ་གནད་ཆེན་པོ་འགའ་ཞིག་སྔར་ལས་ལྷག་པའི་སྒོ་ནས་ཞིབ་འཇུག་བྱས་ནས་ཐག་གཅོད་བྱེད་དགོས་པ་སྟེ། ཇི་ལྟར་བྱས་ནས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་དགོས་པ་དང་། ཇི་ལྟར་བྱས་ནས་ཐོག་མཐའ་བར་གསུམ་དུ་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ཡོང་བར་བྱེད་དགོས་པ། ཇི་ལྟར་བྱས་ནས་ཐོག་མཐའ་བར་གསུམ་དུ་སྲིད་སྐྱོང་གི་འཇོན་ཐང་ཆེན་པོ་དང་འགོ་ཁྲིད་ཀྱི་ཆུ་ཚད་མཐོ་པོ་ལྡན་པར་བྱེད་དགོས་པ། ཇི་ལྟར་བྱས་ནས་ཐོག་མཐའ་བར་གསུམ་དུ་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་མཐའ་འཁྱོངས་བྱེད་དགོས་པ། ཇི་ལྟར་བྱས་ནས་ཐོག་མཐའ་བར་གསུམ་དུ་རང་ངོས་ལ་གནས་པའི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་དང་ཐག་གཅོད་བྱེད་དགོས་པ། ཇི་ལྟར་བྱས་ནས་ཐོག་མཐའ་བར་གསུམ་དུ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་རྒྱུན་འཁྱོངས་བྱེད་དགོས་པ་བཅས་རེད། གོང་གསལ་གྱི་དཀའ་གནད་ཐག་གཅོད་ཡག་པོ་བྱེད་པ་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་གི་འགན་འཁྲི་དང་ལས་འགན་སྒྲུབ་སྐབས་ངེས་པར་དུ་སྒྲོལ་དགོས་པའི་དཀའ་གནད་ཅིག་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཐད་དུས་བབ་གསར་པ་དང་བླང་བྱ་གསར་པ་དང་འཚམ་པར་བྱེད་རིང་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་དཀའ་གནད་ཅིག་རེད། ཏང་ཆེན་པོ་ཁོ་ནར་འཕྲད་པའི་དཀའ་གནད་ཐག་གཅོད་བྱེད་པ་དེ་ནི་དུས་ཡུན་རིང་ལ་དཀའ་ཚེགས་ཆེ་བའི་ལྡོག་མེད་ཀྱི་བརྒྱུད་རིམ་ཞིག་ཡིན་པས་ན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ནམ་ཡང་ཚར་དུས་མེད་པ་དང་ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ཚར་དུས་མེད་པ་ཞིག་ཡིན་པ་གཏན་འཁེལ་བྱས་ཡོད། དེས་ན་ང་ཚོས་ངེས་པར་དུ་ཏང་གི་ཡུན་རིང་སྲིད་སྐྱོང་དང་། རྒྱལ་ཁབ་ཡུན་རིང་བདེ་འཁོད། མི་དམངས་བདེ་སྐྱིད་ཁམས་བཟང་བཅས་དང་འབྲེལ་བ་ཡོད་པའི་མཐོ་ཚད་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དེ་ཏང་གི་ཡུན་རིང་གི་འཐབ་ཇུས་དང་འགྱུར་མེད་ཀྱི་ཞིབ་འཇུག་བྱ་གཞིར་བརྩིས་ཏེ། ཐོག་མཐའ་བར་གསུམ་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་མཐར་ཕྱིན་པ་གཏོང་བ། གདོང་མཆོང་གི་དུང་བརྡ་ནམ་ཡང་གཏོང་བ། དེ་བཞིན་དགོངས་གཞི་ནན་ཤོས་དང་། བྱ་ཐབས་ནན་ཤོས། ངང་ཚུལ་་ནན་ཤོས་བཅས་ཡུན་རིང་མཐའ་འཁྱོངས་བྱས་ནས་ཏང་གི་རང་ངོས་གསར་བརྗེ་རླབས་པོ་ཆེ་མཐར་ཕྱིན་པ་བྱེད་དགོས།
     རྩོམ་ཡིག་ནང་ངེས་པར་དུ་ཏང་ཡོངས་ཀྱིས“ངེས་པར་དུ་གསུམ”བློ་ལ་བརྟན་པོར་འཆང་བ་དང་ཏང་གི་དམིགས་ཡུལ་ལག་ལེན་བསྟར་བར་སྐུལ་འདེད་གཏོང་རྒྱུ་དེ་རྩ་བའི་ཁ་ཕྱོགས་སུ་བརྩིས་པའི་ཁར། དོ་དམ་ལྟ་སྐུལ་ནན་པོ་བྱ་རྒྱུ་དང་རང་འགན་ཐེག་པ་ཁུར་ལེན་ལ་སྐུལ་ལྕག་བྱ་རྒྱུ་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ། དེ་བས་སྲ་ཞིང་བརྟན་པའི་འགོ་ཁྲིད་སྟོབས་ཤུགས་གཏོད་ཐུབ་པ་དང་དེ་བས་རྒྱ་ཁྱབ་ཀྱི་འབད་འཐབ་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཐུབ་པར་བྱེད་དགོས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་དམིགས་ཡུལ་ནི་མི་ལ་དོ་དམ་ནན་པོ་བྱེད་པ་དང་། ཐེ་ཚོམ་སོམ་ཉི་སྐྱེས་པ། གཡས་གཡོན་གང་སར་སྐྲག་པ། ཉོབ་པར་བྱེད་འཇུག་པ། གོ་མི་ཆོད་པ་བཅས་ཀྱི་ཆེད་དུ་མིན་པར་ཁ་ཕྱོགས་གསལ་སྟོན་དང་། སྒྲིག་ལམ་གསར་བཟོ། དར་སྲོལ་བཟང་འགྱུར། སྔོན་འགོག་ནུས་ཆེ་བཅས་བརྒྱུད་དགེ་མཚན་ལྡན་ཞིང་སྐྱོན་བྲལ་དང་ལས་སྒྲུབ་ལས་གཏོད་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་དང་ཁོར་ཡུག་བཟང་པོ་ཞིག་སྐྲུན་པའི་ཆེད་དུ་ཡིན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་ཐབས་ནུས་ལྡན་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ནས་འཐུས་སྒོ་ཚང་དུ་གཏོང་བ་དང་། “དབྱེ་འབྱེད་གསུམ”མཐའ་འཁྱོངས་བྱེད་པ། དོ་དམ་ནན་པོ་དང་གཅེས་སྐྱོང་ཆེན་པོ་ཟུང་འབྲེལ་བྱེད་པ། ལྕག་སྐུལ་དང་གཅུན་སྡོམ་གལ་ཆེ་མཉམ་འཛིན་བཅས་མཐའ་འཁྱོངས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་དེ་བས་འཕེལ་བར་བྱས་ནས། རྒྱང་ལམ་གསར་པར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་གསོན་ཉམས་ལྡན་པའི་རྣམ་པ་ཟབ་མོ་ཞིག་ཆགས་པར་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།
     (སྤེན་ཚེས་བསྒྱུར། སྤེན་ཚེ་དང་མཚམས་གཅོད་ཀྱིས་ཞུས)