འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་15ཉིན།

༄༅།།ཉིང་ཁྲིའི་ཁམ་བུའི་མེ་ཏོག་ལ་བལྟ་བའི་དུས་དང་ས་གནས་འདི་ན་ཡོད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་15ཉིན། 16:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཉིང་ཁྲིའི་ཁམ་བུའི་མེ་ཏོག་ལ་བལྟ་བའི་དུས་དང་ས་གནས་འདི་ན་ཡོད།
    ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གཅིག་པ་(གཤམ་དུ་བསྡུས་མིང་ལ་“ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་”ཞེས་འབོད་རྒྱུ་)འཆར་ཉེར་ཡོད་པས། མི་མང་པོ་ཞིག་གིས་ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་ག་དུས་བཞད་མིན་ལ་དོ་ཁུར་བྱེད་ཀྱི་ཡོད། ཉེ་ཆར་གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་གནམ་གཤིས་ཅུས་ཀྱི་ཆེད་ལས་མི་སྣར་ཆེད་དོན་བཅར་འདྲི་ཞུས་པ་ཡིན། 
   མེ་ཏོག་ཐོག་མར་བཞད་པའི་དུས་སྐབས་ལ་དབྱེ་ཞིབ་བྱས་ན། མེ་ཏོག་བཞད་ཡུན་སྤྱིར་བཏང་ཉིན་21ཡས་མས་རྒྱུན་མཐུད་ཐུབ་ཀྱི་ཡོད། 
   ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་གཟིགས་ས་གཙོ་བོ་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོའི་ཁམ་བུའི་མེ་ཏོག་དང་། སྨན་གླིང་གྲོང་ཁྱེར་གྱི་ཟུར་གསུམ་གྲོང་ཚོ། སྤོ་མེས་རྫོང་གི་ཁམ་བུའི་མེ་ཏོག་ལུང་པ། རྫ་ཡུལ་རྫོང་གི་ལུང་དམར་ནང་། སྣང་རྫོང་དང་། ཀོང་པོ་རྒྱ་མདའ་རྫོང་གི་གཞུང་ལམ་ལམ་རྒྱུད་དང་ལུང་ཤུར་སོགས་ཡིན། 
   གནམ་གཤིས་བརྟག་དཔྱད་ཀྱི་གཞི་གྲངས་ལྟར་ན། གོང་གསལ་མེ་ཏོག་ལ་གཟིགས་ས་དང་མེ་ཏོག་བཞད་པའི་དུས་ཀྱི་སྔོན་བརྡ་གཤམ་ལྟར།