འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་18ཉིན།

ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གཏོད་པ་ལས་བོད་ལྗོངས་ཀྱི་སྐོར་གཡེང་གི་ལེ་ཚན་1པོ། 

༄༅།།བོད་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་གྱི་གསུམ་ལྡན་གྲོང་ཚོ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་15ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

  
    “ཉམས་བཟང་གཏོད་”དེ་“དོན་སྙིང་ལྡན་པའི་”ཤེས་དཔལ་ལྡན་པའི་གྲོང་སྲོལ་ལ་བརྟེན་ནས་དམངས་སེམས་ཁུག་ཏུ་བཅུག
གྲོང་གསེབ་དར་རྒྱས་གཏོང་བར་ཡུལ་སྲོལ་ཡ་རབས་ཡོང་བར་བྱ་རྒྱུ་ནི་འགན་ལེན་ཡིན་པ་དང་། ཡ་རབས་ཀྱི་ཡུལ་སྲོལ་དང་གོམས་སྲོལ་བཟང་པོར་བསྒྱུར་རྒྱུ་ནི་འགག་རྩ་ཡིན། ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གྱིས་གྲོང་གསེབ་ཀྱི་གོམས་སྲོལ་བསྒྱུར་བའི་ལས་དོན་གཏིང་ཟབ་ཏུ་གཏོང་བ་དང་། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་གཏོད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས་“རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གྱིས་བོད་ཀྱི་གོམས་སྲོལ་བསྒྱུར་བའི་སྐོར་གླེང་བའི་”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་ཁྱེད་དང་མཉམ་དུ་ཤེས་དཔལ་གྲོང་གསེབ་ཀྱི་གོམས་སྲོལ་བཏོད་དེ་གྲོང་གསེབ་དར་རྒྱས་གཏོང་རོགས་བྱས་པ་རེད།
   ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་གྱི་གསུམ་ལྡན་གྲོང་ཚོ་ཡིས་གྲོང་གསེབ་ཀྱི་ཡུལ་སྲོལ་གོམས་གཤིས་འཛུགས་སྐྱོང་ལ་དམིགས་པ་དང་། བྱེད་ཐབས་གསར་གཏོད་དང་། གོམས་སྲོལ་བསྒྱུར་བ། དཔེ་མཚོན་གསར་བཟོ་བཅས་བྱས་ནས་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཏིང་ཟབ་ཏུ་བཏང་བས་གྲོང་གསེབ་ཀྱི་ཡུལ་སྲོལ་ཡ་རབས་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ་དང་། གྲོང་གསེབ་ཀྱི་ཡ་རབས་རྣམ་པ་གསར་པ་ཐོན་ནས་གྲོང་གསེབ་དར་རྒྱས་བཏང་ཡོད། 
【1】  【2】  【3】  【4】  【5】  【6】