འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་15ཉིན།

༄༅།།བོད་ཀྱིས“མི་རེས་སྡོང་ཕྲུག་རེ་རེ་བཙུགས། ལྷོ་བྱང་རི་བོ་མཉམ་དུ་སྐྲུན”ཞེས་པའི་སྤྱི་ཕན་བྱེད་སྒོ་
སྤེལ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་15ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་12ཉིན་གྱི་སྔ་དྲོར། “མི་རེས་སྡོང་ཕྲུག་རེ་རེ་བཙུཌ། ལྷོ་བྱང་རི་བོ་མཉམ་དུ་སྐྲུན”ཞེས་པའི་སྤྱི་ཕན་བྱེད་སྒོ་ལྷ་ས་རུ་སྤེལ་འགོ་ཚུཌ་པ་རེད།
    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་། ལྷ་ས་ལྷོ་རི་བྱང་རིའི་སྔོ་འགྱུར་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ། གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་འཇམ་དཔལ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
    འཇམ་དཔལ་གྱིས། བོད་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་ལས་བཟོ་ཚོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་ཚང་མའི་སྣེ་ཁྲིད་དེ་སྔོ་འགྱུར་དང་། སྔོ་སྲུང་། སྔོ་གཅེས་བཅས་བྱེད་པ་དང་། ཚང་མའི་སྣེ་ཁྲིད་དེ་ཞལ་འདེབས་རྒྱག་པ་དང་ཤིང་འཛུགས་ལས་ལ་གཞོལ་ནས་ལྷོ་རི་བྱང་རི་སྔོ་ལྗང་རྩི་ཤིང་གིས་བརྒྱན་པ་དང་ཡིད་དབང་འཕྲོག་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་ཆེད་ནུས་ཤུགས་དེ་བས་ཆེན་པོ་དང་མང་པོ་འདོན་དགོས་པ་དང་། ཚགས་པར་དང་བརྙན་འཕྲིན་སོགས་གསར་འགྱུར་སྨྱན་སྦྱོར་གྱི་ལས་སྟེགས་ལ་བརྟེན་ནས་ཐབས་ལམ་མང་བ་དང་། རྒྱ་ཆེ་ལ་གཏིང་ཟབ་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ཤིང་འཛུགས་ནགས་བཟོའི་ལས་དོན་དྲིལ་བསྒྲགས་བྱས་ཏེ། དམངས་ཡོངས་ཀྱི“སྔོ་འགྱུར་དང་། སྔོ་གཅེས། སྔོ་སྲུང”གི་འདུ་ཤེས་ཟབ་ཏུ་དང“དམངས་ཡོངས་ཀྱིས་སྔོ་འགྱུར་ལས་ལ་ཞུགས་པ་དང་དམངས་ཡོངས་ཀྱིས་ཤིང་འཛུགས་ནགས་བཟོ་བྱེད་པའི”སྤྱི་ཚོགས་ཀྱི་རྣམ་པ་ཡག་པོ་ཞིག་གཏོད་དགོས་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་མ་རྩའི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ། ཞལ་འདེབས་བརྒྱབ་པའི་དངུལ་དེ་དག་གོ་ཆོད་པོ་དང་། ལུགས་དང་མཐུན་པོ། ཁ་གསལ་པོ་བཅས་ཀྱི་སྒོ་ནས་བེད་སྤྱོད་ཐུབ་པར་འགན་ལེན་བྱས་ཏེ། ཀུན་གྱི་བརྩེ་བ་ཟབ་མོ་དེ་བོད་ལྗོངས་སྔོ་ལྗང་ཅན་དང་མཛེས་སྡུག་ལྡན་པར་འགྱུར་བའི་ལག་ལེན་ཐོག་དངོས་སུ་སྒྱུར་དགོས་པ་བཅས་ཀྱི་རེ་བ་བཏོན་གནང་བ་རེད།